དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་གྲངས་གཞིའི་ལྟེ་གནས་3ལ་རྒྱལ་ཁབ་ཀྱི་ལྗང་མདོག་གྲངས་གཞིའི་ལྟེ་གནས་ཀྱི་མཚན་སྙན་ཐོབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་6ཉིན། བཟོ་འཕྲིན་པུའུ་སོགས་སྡེ་ཚན་6གིས་2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ལྗང་མདོག་གྲངས་གཞིའི་ལྟེ་གནས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་ལས་ཀྲུང་གོ་གློག་འཕྲིན(རྒྱལ་ཁབ)གྲངས་འཛིན་མཚོ་སྔོན་གྱི་ལྗང་མདོག་གྲངས་གཞི་ཆེ་མོའི་ལྟེ་གནས་དང་། ཀྲུང་གོ་ལན་ཐུང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་རྟེན་གཞི། ཀྲུང་གོ་སྒུལ་བདེའི(མཚོ་སྔོན་མཚོ་ཤར)གྲངས་གཞིའི་ལྟེ་གནས་བཅས་བདེ་བླག་ངང་ཚུད་དེ་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།

    ལྗང་མདོག་གྲངས་གཞིའི་ལྟེ་གནས་ནི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི“རྨང་གཞི”ཡིན་པས། རྒྱལ་ཁབ་ཀྱི“ཐཱན་གཉིས”འཐབ་ཇུས་དང“ཤར་གྲངས་ནུབ་རྩིས”ལས་གྲྭར་རམ་འདེགས་བྱེད་པའི་རྨང་གཞིའི་སྒྲིག་བཀོད་དང་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ནུས་རྒྱུ་གཙང་མའི་ཁྱད་ཆོས་ལ་བརྟེན་ནས་ལྗང་མདོག་རྩིས་ཤུགས་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་གཏོང་བ། ལྗང་མདོག་རྩིས་ཤུགས་ཐོན་ལས་ཀྱི་འཁོར་སྦྲེལ་ཧྲིལ་པོ་མཐུན་སྦྱོར་དང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས“ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་ཀྱི་ལས་གྲྭ་དང་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ཤུགས་དྲ་བའི་ནང་ཧུར་ཐག་ཞུགས་རྒྱུའི་གྲོས་འགོ་བཏོན་ཡོད། ནུབ་རྒྱུད་ལ་གཞིས་ཚུགས་པ་དང་རྒྱལ་ཡོངས་ལ་ཞབས་འདེགས་ཞུ་བའི“1+2+N”ལྗང་མདོག་རྩིས་ཤུགས་རྟེན་གཞིའི་འཕེལ་རྒྱས་བཀོད་སྒྲིག་མགྱོགས་མྱུར་ཆགས་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་གསོན་ཤུགས་གསར་པ་འཕེལ་བར་བྱས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། ཐོན་ཁུངས་བེད་སྤྱོད་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་ཐབས་ལམ་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཀྱང་བྱས་ཡོད།

    མཚོ་སྔོན་ཞིང་ཆེན་བཟོ་འཕྲིན་ཐིང་གིས་རྒྱལ་ཁབ་ཀྱི་ལྗང་མདོག་གྲངས་གཞིའི་ལྟེ་གནས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས། གྲངས་གཞིའི་ལྟེ་གནས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ལྗང་མདོག་རྩིས་ཤུགས་རྟེན་གཞི་འཛུགས་རྒྱུར་རོགས་རམ་བྱས་ཏེ་རྒྱལ་ཁབ་ཀྱི“ཐཱན་གཉིས”འཐབ་ཇུས་དང“ཤར་གྲངས་ནུབ་རྩིས”ལས་གྲྭ་ལག་བསྟར་ལ“མཚོ་སྔོན་གྱི་ཇུས་གཞི”དེ་བས་མང་བ་བཏོན་ཏེ་གྲངས་འཛིན་རིག་ནུས་དུས་རབས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་དུ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།