དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་བཟོས་པའི་ཧང་སེར་ལྕགས་ལམ་གྱི་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་སེར་པི་ཡར་འབྱོར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-12

    ཟླ་6ཚེས་7ཉིན། ཀྲུང་གོས་བཟོས་པའི་ཧང་སེར་ལྕགས་ལམ་གྱི་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་སེར་པི་ཡའི་པེར་ཀེ་ལའེ་ཏེའི་ཙེ་མོང་གྲོང་རྡལ་གྱི་མེ་འཁོར་བདག་སྐྱོང་ལས་ཚུགས་སུ་འབྱོར་བ་རེད། འདི་ནི་ཀྲུང་གོའི་ལྕགས་ལམ་ལག་རྩལ་སྒྲིག་ཆས་དང་ཡོ་རོབ་མནའ་འབྲེལ་གྱི་ལྕགས་ལམ་དབར་ལག་རྩལ་གྱི་ཚད་གཞི་ཕན་ཚུན་སྦྲེལ་མཐུད་བྱེད་པར་ཐོབ་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་ཀྲུང་གོའི་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་ཡོ་རོབ་ཏུ་སྐྱོད་ཐེངས་དང་པོ་དང་ཀྲུང་གོའི་རྩེར་སོན་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་ཕྱིར་གཏོང་བྱེད་པར་གྲུབ་འབྲས་གལ་ཆེན་ཐོབ་པའང་མཚོན་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།