ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་མའི་འབྲུག་གི་རིག་གནས་ཀུན་འཇོན་འགྲན་བསྡུར་སྐབས་བཅུ་གཅིག་པ་འགོ་ཚུགས་པ།
ཉེ་ཆར། ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་མའི་འབྲུག་གི་རིག་གནས་ཀུན་འཇོན་འགྲན་བསྡུར་སྐབས་བཅུ་གཅིག་པ་ཏུང་ཧྥང་ལུའི་ཀྲོའུ་རུ་འགོ་ཚུགས་པ་རེད། སྐབས་དེའི་འགྲན་བསྡུར་ནང་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་དང་། བྱ་འཕུར་འགྲན་བསྡུར། འབྲུག་རྩེད་དང་སེང་རྩེད་འགྲན་བསྡུར་བཅས་ཀྱི་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་ལ་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་། མཐོ་སློབ་བཅས་ཚོགས་ཆུང་བཞི་རུ་ཕྱེ་ཡོད། སློབ་གྲྭ་110ལྷག་ཙམ་ནས་ཡོང་བའི་རུ་ཁག་140ལྷག་ཙམ་དང་བདམས་ཐོན་པ་3300ལྷག་ཙམ་སྐབས་དེའི་འགྲན་བསྡུར་ནང་ཞུགས་ཡོད་པ་རེད། འདི་ནི་བྱ་འཕུར་འགྲན་བསྡུར་གྱི་སློབ་ཆུང་ཚོགས་ཆུང་གི་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།