དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས།

    ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོན་པོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-12

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚད་གཞི་དང་བསྡུར་བ་དང་། ཚད་གཞི་བཟོ་བ། ཚད་གཞི་ལོན་པ་བཅས་ཀྱི་ལས་ཀའི་བྱེད་སྟངས་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དཔེ་སྟོན་སྣེ་ཁྲིད་མངོན་གསལ་དོད་དུ་གཏོང་བ། སློབ་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་དཔེ་སྟོན་འཛུགས་པ་དང་མིག་དཔེ་ཡག་པོ་ཞིག་སྟོན་ཡོད་པ་རེད།

    ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཚོགས་འདུའི་ཚན་ཁག་གི་ཁོངས་མིས“འགག་རྩའི་ཉུང་ཤས”ཀྱི་སྣེ་ཁྲིད་དེ་སློབ་སྦྱོང་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་ས་བཅད་དང་དོན་ཚན་རེ་རེ་བཞིན་སློབ་སྦྱོང་དང་།ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱས་ཏེ་པུའུ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་ལས་བཟོའི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པར་དཔེ་སྟོན་ནུས་ལྡན་བྱས་ཡོད་པ་རེད། པུའུ་ལས་ཁུངས་ཏང་ཨུད་ཀྱིས་ཀྲི་པུའུ་ཧྲུའུ་ཅིའི་དཔྱིད་དུས་འཆད་སྟེགས་གཉེར་ནས་ཀྲི་པུའུ་ཧྲུའུ་ཅི་6སྒྲིག་འཛུགས་བྱས་ཏེ་གྱོད་དཔེ་དྲངས་པ་དང་། ལྟ་བ་གསལ་སྟོན། ངོས་འཛིན་གླེང་བ་བཅས་བྱས་པ་དང་། པུའུ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོས་ཏང་གི“སྒྲིག་ཁྲིམས་ཁག་དྲུག”སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཡག་པོ་ཞིག་འཚོགས་པ་རེད། ལས་བྱེད་པ་ལས་གནས་བསྐོ་གཞག་མ་བྱས་གོང་གི་གླེང་མོལ་ལས་དོན་དང་ཟུང་འབྲེལ་བྱས་ཏེ། པུའུ་མི་དོན་ཁྲུའུ་ཡིས་པུའུ་རུ་བཅའ་སྡོད་སྒྲིག་བཤེར་ཚོགས་ཆུང་དང་མཉམ་དུ་སྤྱོད་གཙང་རིག་གནས་བར་ཁྱམས་རིང་མོར་ལྟ་སྐོར་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས། གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་40ལྷག་ཙམ་ལ་རུལ་འགོག་འགྱུར་ཟོན་གྱི“མེ་འགོག་གྱང”བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་སློབ་སྦྱོང་བྱེད་ཞོར་དག་ཐེར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། པུའུ་དོན་ཚོགས་འདུས་སྣེ་ཁྲིད་དེ་གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས《བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཚོགས་འདུའི་ལས་ཀའི་སྒྲིག་སྲོལ》དང《པུའུ་ལས་ཁུངས་ཀྱི“གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་དོན་ཚན་ཞིབ་ཐོ་དང་སྤྱོད་གཙང་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲིའི་ཞིབ་ཐོ》ཞིབ་འཇུག་བཟོ་བཅོས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་ནན་དུ་བཏང་ཡོད། ཁྲུའུ་དང་ཁང་ཁག་གཅིག་གིས་བརྟག་ཞིབ་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་ཧུར་ཐག་བཏང་ནས་བྱང་ཚད་མཐོ་བའི་སྲིད་སྐྱོང་རྐང་འཛིན་དཔུང་ཁག་ནུས་ཤུགས་ཡོད་རྒུས་བཏོད་ཡོད། ཁྲུའུ་དང་ཁང་ཁག་གཅིག་གིས་འགན་ནུས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ནང་དོན་ཏང་ཡོན་གྱི་སློབ་གསོ་དང་ལས་བྱེད་པ་གསོ་སྦྱོང་གི་སློབ་ཚན་གལ་ཆེན་ལ་རང་འགུལ་ངང་བརྩིས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་སོགས་ཀྱི་བྱ་ཐབས་བརྒྱུད། རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་གསོ་སྦྱོང་ལ་དམ་འཛིན་ལྷོད་མེད་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། ཁྱབ་ཁོངས་མི་འདྲ་བའི་ཏང་ཡོན་ལས་བྱེད་པས་དགེ་རྒན་གྲགས་ཅན་དང་རིགས་གཅིག་མཁས་ཅན་གྱི་སློབ་ཚན་ཉན་པར་ཁྲིད་སྟོན་བྱེད་པ། བསམ་བློའི་ངོས་འཛིན་གསལ་བཟོ་དང་དངོས་སྒྲུབ་ཀྱི་འགན་འཁྲི་ཤུགས་ཆེར་གཏོང་བ་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་མུ་མཐུད་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།