དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་ཁུལ་ཁག་གིས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་པ།

    སྒྲིག་ལམ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་བློ་ལ་བརྟན་པོར་འཆང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ལིན་ཝུའེ།   |     སྤེལ་དུས།  2024-06-11

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན་ས་ཁུལ་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་བཏང་ཞིང་། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ཞེས་པ་གང་ཞིག་ལ་ཟེར་བ་གསལ་པོར་ཤེས་པར་བྱེད་པ། གང་ཞིག་བྱེད་ཆོག་པ་དང་གང་ཞིག་བྱེད་མི་ཆོག་པ་གསལ་པོར་ཤེས་པ་བཅས་བྱས་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བ་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

    “སྡེ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པ་རྣམས་གྲོང་མི་མང་ཚོགས་དང་ཐག་ཉེ་ཤོས་རེད། དེས་ན་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་རྩ་བ་དེ་དམ་པོར་བཟུང་ནས་མང་ཚོགས་ལ་སྲོལ་གསར་དང་སྲོལ་བཟང་རང་ཉིད་ཀྱི་འགྲམ་དུ་ཡོད་པའི་ཚོར་སྣང་སྐྱེས་པ་དང་སྡེ་ཁུལ་དེ་ཉིད་གྲོང་མི་རྣམས་ཀྱི་བློས་འཁེལ་ཤོས་དང་བློ་བདེ་ཤོས་ཀྱི་རྟེན་སར་འགྱུར་བ་བྱེད་དགོས” ཉེ་ཆར་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཀོན་ཧྲན་ཧུའུ་ཆུས་ཅིན་དབྱང་ཁྲོམ་གཞུང་ཅིན་ཡོན་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡོན་ཆིན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་བྱས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།

    ཀོན་ཧྲན་ཧུའུ་ཆུས་ཀྱིས་ཇི་མ་ཇི་བཞིན་སློབ་སྦྱོང་དང་། གནད་དོན་ཁྱེར་ནས་སློབ་སྦྱོང་། ལྟ་བསྡུར་ཞིབ་བཤེར་བྱས་ནས་སློབ་སྦྱོང་། ཆེད་དོན་ཟུར་ཁྲིད་ཀྱི་སློབ་སྦྱོང་། ཚོགས་ཆུང་སྤེལ་རེས་བྱས་ནས་སློབ་སྦྱོང་། གཅིག་སྡུད་གྲོས་བསྡུར་བྱས་ནས་སློབ་སྦྱོང་བཅས་ཀྱི“སློབ་སྦྱོང་གི་མཉམ་འགུལ་དྲུག”གི་སློབ་སྦྱོང་བྱེད་སྟངས་སྤྱད་དེ། ཏང་ཡོན་དང་ལས་བྱེད་པར་རང་རྟོགས་ངང་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ལམ་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་ཡོ་བསྲང་བྱས་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་དང་ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད།

    དུས་སྐབས་ཤིག་རིང་ས་ཁུལ་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་དུ་སྤེལ་བ་དང་རྟག་ཏུ་དམ་འཛིན་བྱས་ཏེ། སློབ་སྦྱོང་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ནས་ཏང་ཡོན་དང་ལས་བྱེད་པས་སྒྲིག་ལམ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་བློ་ལ་བརྟན་པོར་འཆང་བར་སྐུལ་འདེད་བཏང་ཡོད། “དུས་རབས་གསར་པའི་ཏང་ཡོན་ཞིག་ཡིན་པའི་ང་ཚོས་གསར་བརྗེའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་པ་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཏང་གི་སྒྲིག་ལམ་དང་ཏང་གི་སྒྲིག་ཁྲིམས་ནན་པོ་སྲུང་དགོས”ཉིན་ཤས་བསྟུད་མར། ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་གྱི་ཏང་ཡོན་དང་ལས་བྱེད་པས་དམག་དཔུང་ཞིན་སི་ཅུན་གྱི་དྲན་གསོ་ཁང་དུ་བསྐྱོད་དེ། དམག་དཔུང་ཞིན་སི་ཅུན་གྱི་སྒྲིག་ཁྲིམས་འཛུགས་སྐྱོང་སྐོར་གྱི་ཆེད་དོན་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཡོད།

    ཡན་ཁྲེང་གྲོང་ཁྱེར་གྱིས་གསར་བརྗེའི་ཐོན་ཁུངས་སྤྱད་དེ་ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དངོས་ལྗོངས་སློབ་ཚན་བཏོད་ཅིང་། རྣམ་པ་སྣ་ཚོགས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་དེ་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད།

    དམིགས་ས་མི་འདྲ་བར་དམིགས་ཏེ་ཧྥུའུ་ཅན་ཞིང་ཆེན་ཅིན་ཅང་གྲོང་ཁྱེར་གྱིས་སློབ་སྦྱོང་གི་གཞི་རྟེན་གསར་གཏོད་བྱེད་པ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དམིགས་བསལ་ཅན་གྱི་སློབ་ཁྲིད་ནང་དོན་གཏན་འཁེལ་བྱེད་པ། གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་གྱོད་དཔེ་དང་སྒྲིག་ལམ་གསལ་བཤད་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ནང་སེམས་ལ་འཇགས་པ་དང་ཀླད་པའི་ནང་ཟུག་པར་སྐུལ་འདེད་བཏང་ཡོད།

    (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    ཅིན་ཅང་གྲོང་ཁྱེར་ཙེ་མོ་གྲོང་རྡལ་ཝུའུ་ཨན་གྲོང་ཚོར“ཏང་གི་སྒྲིག་ཁྲིམས་ཐད་ཀྱི་ཕྱོགས་ཁག་གི་ལྟ་ཚུལ”ཞེས་པའི་བརྗོད་དོན་གཙོ་བོའི་འཆད་ཁྲིད་ཅིག་བྱེད་བཞིན་ཡོད། “འཆད་ཁྲིད་ཉན་རྗེས་ཚང་མར་ཕན་ཐོགས་ཆེན་པོ་བྱུང་འདུག ད་དུང་ལག་ཐོགས་ཁ་པར་སྤྱད་ནས་ཤེས་བྱའི་འགྲན་བསྡུར་ནང་ཞུགས་ཆོག་གི་འདུག”ཅེས་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་ཐོག་ད་ལྟ་རང་འགྲན་ཞུགས་ལ་ཐོབ་པའི་སྐར་ཆ་ཚང་ལ་མཛུབ་མོ་འཛུགས་བཞིན་ཏང་ཡོན་རྒན་གྲས་ལི་ཁྲའོ་དབྱང་གིས་བཤད།

    “གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དོན་ཚན་རེ་རེ་བཞིན་སློབ་སྦྱོང་བྱས་པ་ཡིན། ང་ཚོར་དམར་ཐིག་གསལ་པོ་འགོད་རོགས་དང་། མཐའ་ཚད་གསལ་པོ་བཟོ་རོགས། འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རོགས་བཅས་བྱས་འདུག ང་ཚོས་སྤྱོད་གཙང་ལས་བརྩོན་བྱས་ཏེ་རྣམ་དག་སྤྱོད་གཙང་གི་ཐོག་ནས་ཐེག་པ་ཁུར་ལེན་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཧུའུ་པེ་ཞིང་ཆེན་ཏང་དབྱང་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭར་ཏང་དབྱང་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་དང་རྩ་འཛུགས་པུའི་པུའུ་ཀྲང་ལོན་ཤིན་གྱིས་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱས་ཡོད།

    ཏང་དབྱང་གྲོང་ཁྱེར་གྱིས་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་སྣེ་ཁྲིད་ནས་སློབ་སྦྱོང་ལ་སྐུལ་སྤེལ་གཏོང་བ་དང་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ལྟེ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ལས་བྱེད་པ་འདེམས་གསོར་དོ་དམ་དང་བེད་སྤྱོད་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ཀྱིས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད།

    གྱོད་དཔེ་ནི་སློབ་དེབ་ཡག་ཤོས་རེད་ལ། རིག་པ་དྭངས་གསལ་དུ་གཏོང་ཐབས་ཡག་ཤོས་ཀྱང་རེད།

    ས་ཁུལ་ཁག་གིས་གྱོད་དཔེར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་གླེང་བ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ཏང་ཡོན་ལས་བྱེད་པར་ལྟ་བསྡུར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། རང་སེམས་རང་གཅུན་ནན་པོ་བྱེད་པ། རྟག་ཏུ་བསམ་བློའི་ཉེན་བརྡ་གཏོང་བ། རྟག་ཏུ་སྒྲིག་ཁྲིམས་ཀྱི་རྩ་བ་དམ་པོར་འཛིན་པ། རྟག་ཏུ་གུས་སྐྲག་གི་སེམས་པ་ཡོད་པ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

    “ད་ལྟ་ཁྲིམས་ར་ཚོགས་ཀྱི་ཡིན”ཡུན་རིང་མ་སོང་གོང་ཝེ་ཆེ་གེ་མོས་ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཧེ་ལུང་ཅང་ཞིང་ཆེན་ཧྲོང་ཡ་ཧྲན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་འདྲི་གཅོད་བྱས་པར། ཧྲོང་ཡ་ཧྲན་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་གྲོང་ཁྱེར་རིམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་དང་། རྫོང(ཆུས)གི་རིམ་པ་དང་པོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་བརྙན་ལམ་ནས་དུས་གཅིག་ཏུ་བལྟས་ཡོད།

    ཧྲོང་ཡ་ཧྲན་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལས་ཐོག་ཉེས་གསོག་གྱོད་གཞིའི་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱེད་སྒོ་སྒྲིག་འཛུགས་དང་། ཉེན་བརྡའི་སློབ་གསོའི་ཆེད་དོན་པར་གཞི་བཟོ་བ། འགྱོད་བཤགས་ཟིན་ཐོ་བཟོ་འགོད་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་ཉེན་བརྡའི་སློབ་གསོའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    ཉིན་ཤས་གོང་ཡུན་ནན་ཞིང་ཆེན་ཏ་ལི་གྲོང་ཁྱེར་གྱིས་འགག་རྩའི་ལས་གནས་ཀྱི“འགོ་གཙོ་དང་པོ”སྒྲིག་འཛུགས་བྱས་ཏེ། ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཡི་རུལ་རྒོལ་གཙང་སྤེལ་ཉེན་བརྡའི་སློབ་གསོའི་རྟེན་གཞིར་སློབ་སྦྱོང་དང་སློབ་གསོ་དང་ལེན་བྱས་ནས་གྱོད་དཔེ་རེ་རེ་ལས་ཚང་མར་ཚོར་སྣང་ཟབ་མོ་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།