དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དཔལ་འབྱོར་དང་རིག་གནས་ཕན་ཚུན་མཉམ་འདྲེས་དང་མཉམ་དུ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྲེང་ཡུས་ལེ།   |     སྤེལ་དུས།  2024-06-11

    དྲི་ཁུག་ཆུང་ཆུང་ཞིག་ནང་ལོ་སྒྲིལ་འབྲས་ཆན་གྱི་དབྱིབས་ཁོ་ན་མ་ཡིན་པར། ད་དུང་ནན་ཀྭ་དང་། མེ་ཏོག་པད་མ། གྲུ་ཤན་འབྲུག་མགོ་མ་སོགས་ཀྱི་དབྱིབས་ཀྱང་བླུགས་ཡོད། སྤྱིར་བཏང་གི་སྤྲ་བར་ཁྲང་ཕུའུ་ཡི་ལོ་མ་དང་ལུག་མིག་མེ་ཏོག་སེར་པོ་སོགས་བསྲེས་ནས་སྤྲ་བའི་མེ་ཏོག་ཆུན་པོ་གསར་པ་གྲུབ་ཅིང་། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་སྐབས་སུ་དུས་ཆེན་གྱི་གཞི་རྒྱུ་ཕུན་སུམ་ཚོགས་པའི་མཐའ་འཁོར་གྱི་ཐོན་རྫས་མཁོ་ཚོང་གཉིས་ཀ་ཡག་པོ་ཡོད་པས། མི་རྣམས་ལ་ཚོར་སྣང་གསར་པ་དང་རིག་གནས་ཀྱི་ཉམས་འགྱུར་བཟང་པོ་ཞིག་སྦྱིན་ནས་དུས་ཆེན་དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བཞིན་ཡོད།

    ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་རིང་རྟག་ཏུ་འཕེལ་རྒྱས་ཀྱི་དགེ་མཚན་དང་མངོན་མེད་སྟོབས་ཤུགས་འདུས་པ་དང་ཆབས་ཅིག གསར་གཏོད་གསར་པ་དང་མཚོན་ཚུལ་གསར་པ་ལས་སྲོལ་རྒྱུན་དུས་ཆེན་ལ་གསོན་ཤུགས་གསར་པ་སྦྱིན་པ་ཡང་མཐོང་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ཚེ་གཞི་ནས་བར་མཐོངས་གསར་པ་ཕྱེ་ཐུབ་པ་དང་གསར་གཏོད་ཀྱང་བྱེད་ཐུབ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་དར་རྒྱས་ཧ་ཅང་ཆེ་བའི་ས་ཆར་དཔལ་འབྱོར་ཡང་སྔར་བཞིན་མདུན་ཕྱོགས་སུ་འཕེལ་བཞིན་ཡོད་པས། དེའི་མི་ཆོས་རིག་གནས་ཀྱི་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་ཆོག”ཅེས་ནན་བཤད་གནང་ཡོད། སྲོལ་རྒྱུན་དང་དེང་རབས་དང་རིག་གནས་དང་དཔལ་འབྱོར་ཚང་མ་འཕེལ་རྒྱས་ལ་མེད་དུ་མི་རུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞིང་། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱི་ཆུ་རྒྱུན་རིང་པོར་བརྟེན་ནས་གསར་གཏོད་ཀྱི་ཞིང་ས་གཤིན་པོ་བརླན་པར་བྱས་ཚེ། དཔལ་འབྱོར་དང་རིག་གནས་ཕན་ཚུན་མཉམ་འདྲེས་དང་མཉམ་དུ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་གཏོད་ཐུབ་ངེས་རེད་ལ། དེ་བས་སྐྱེ་སྟོབས་ལྡན་ལ་ནང་དོན་ཟབ་མོ་ལྡན་པའི་འབྱུང་འགྱུར་ཞིག་ཀྱང་གཏོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།