དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད”སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-06-11

    ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས། རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག“དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད”སྤེལ་རྒྱུའི་གཏན་འཁེལ་བྱས་པ་རེད། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཡོངས་ཀྱི་གྲོང་མིའི་བདེ་ཐང་བྱང་ཚད་རྒྱུན་མཐུད་མཐོ་རུ་གཏོང་རྒྱུ་དང་། 2024ལོ་ནས་2027ལོའི་བར་ཆ་སྙོམས་ལོ་རེར་བརྒྱ་ཆའི་གྲངས་2ཡས་མས་མཐོ་རུ་གཏོང་རྒྱུ། ཀྲུང་གོའི་སྤྱི་དམངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བདེ་ཐང་རིག་གནས་བྱང་ཚད་རྒྱུན་མཐུད་མཐོ་རུ་གཏོང་རྒྱུ་དེ་རེད།

    ཚེས་6ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་དེའི་བརྗོད་དོན་གཙོ་བོ་ནི་བདེ་ཐང་བྱང་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་དང་དམངས་ཡོངས་ཀྱི་བདེ་ཐང་ཆེ་རུ་གཏོང་བར་ཤུགས་རྒྱག་རྒྱུ་དེ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་ལོ་ལྟར་གྱི་ཟླ་6པར་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་རྒྱུ་ཡིན་པ་རེད།

    ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག《དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2024ལོ་ནས་2027ལོའི་བར)》བཀྲམ་ནས་བཏོན་པའི་དམིགས་ཚད་གཙོ་བོའི་ནང་། སྤུས་ལེགས་བདེ་ཐང་གི་ཚན་རིག་ཁྱབ་གདལ་ཐོན་རྫས་མཁོ་སྤྲོད་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་བདེ་ཐང་ཚན་རིག་ཁྱབ་གདལ་ཞབས་ཞུའི་ཁྱབ་རྒྱ་དང་། དོན་འཁྱོལ་ཐུབ་ཚད། ཕན་ནུས་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། བདེ་ཐང་ཚན་རིག་ཁྱབ་གདལ་གྱི་ཆ་འཕྲིན་ཁྱབ་སྤེལ་ཁོར་ཡུག་སྔར་བས་དྭངས་གསལ་ཡོང་བ་བྱས་ནས་དབང་གྲགས་ལྡན་པའི་བདེ་ཐང་ཚན་རིག་ཁྱབ་གདལ་གྱི་བརྩམས་ཆོས་ཕྱོགས་ཡོངས་དང་ཐབས་ལམ་མང་པོའི་ཐོག་ནས་ཁྱབ་སྤེལ་བཏང་སྟེ་ཆ་འཕྲིན་རྫུན་མ་དང་ནོར་འཁྲུལ་གཏན་འགོག་མཐའ་གཅིག་ཏུ་བྱ་རྒྱུ། བདེ་ཐང་སློབ་གསོའི་ཤེས་ལྡན་པའི་དཔུང་ཁག་སྔར་བས་སྟོབས་ཆེར་བཏང་སྟེ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་སྨན་བཅོས་འཕྲོད་བསྟེན་མི་སྣ་བདེ་ཐང་སློབ་གསོར་ཞུགས་པའི་ཆེད་ལས་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ལས་རིགས་ཁག་གིས་དེ་བས་རྒྱ་ཁྱབ་ངང་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་མི་དམངས་མང་ཚོགས་བདེ་ཐང་སློབ་གསོར་ཞུགས་པའི་གོ་སྐབས་དང་ལས་སྟེགས་སྔར་བས་རྒྱ་ཆེར་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།