དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལས་དབང་གཅིག་སྦྲེལ་ཡངས་བའི་ལམ་ཆེན་བགྲོད། གནམ་འོག་ཀུན་མཐུན་འབྱུང་འགྱུར་ཕྱོགས་ལ་འབད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཧན་ཧུའེ།   |     སྤེལ་དུས།  2024-06-11

    2013ལོའི་ཟླ་3པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོ་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་གཏམ་བཤད་གནང་སྟེ། འཐབ་ཇུས་ཀྱི་གཟིགས་རྒྱང་ཡངས་པ་དང་། ཆབ་སྲིད་ཀྱི་བློ་གྲོས་ཁྱད་དུ་འཕགས་པ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ཐོག་ནས་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་ཁ་གཏད་གཅོག་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་འཛུགས་སྐྱོང་འབད་འཐབ་ཀྱི་དམིགས་ཚད་དུ་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་གྱི་ཐབས་ལམ་དུ་འཛིན་པ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལག་ལེན་བསྟར་རྒྱུ་ཡོངས་ཁྱབ་ཀྱི་བརྩི་སྲུང་ཞུ་སར་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་གཞི་རྩའི་འདེགས་སྐྱོར་དུ་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུ་འཐབ་ཇུས་ཀྱི་སྣེ་ཁྲིད་དུ་བྱེད་པ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ལག་ལེན་གྱི་ལས་སྟེགས་སུ་བྱེད་པ་བཅས་བྱས་པས་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱི་ཁས་ལེན་ཐོབ་ནས་ལོ་བདུན་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ནང་བཅུག་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་གྱི་གྲོས་ཆོད་དམ་ཡང་ན་བསྒྲགས་གཏམ་ནང་ཐེངས་མང་བཅུག་ཡོད་པ་རེད།

    མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་ནི་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ལྟེ་བའི་འདུ་ཤེས་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་དོན་གཉེར་གྱི་བླ་ན་མེད་པའི་དམིགས་ཚད་ཀྱང་ཡིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན། སྤྱི་པའི་ཐོན་རྫས་འདོན་སྤྲོད་བྱེད་མཁན། གླེང་མང་བའི་གནད་དོན་འདུམ་འགྲིག་བྱེད་མཁན་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་མཁོ་འདོན་ཧུར་ཐག་བྱས་ཏེ། བློ་སེམས་གཅིག་མཐུན་གྱི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་བཞིན་ཡོད།

    ཨུ་རུ་སུ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རོགས་ཟླ་གལ་ཆེན་ཞིག་ཡིན། ན་ནིང་ཟླ་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་སླར་ཡང་བདམས་ཐོན་བྱུང་རྗེས་ཨུ་རུ་སུ་དེ་འཚམས་འདྲི་ཐོག་མར་བྱེད་པའི་རྒྱལ་ཁབ་ལ་བདམས་གནང་ཡོད། འདི་ལོའི་ཟླ་ལྔ་པར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་འགན་འཁུར་ཡུན་གསར་པ་འགོ་ཚུགས་རྗེས་ཀྲུང་གོ་དེ་འཚམས་འདྲི་ཐོག་མར་བྱེད་པའི་རྒྱལ་ཁབ་ལ་བདམས་ཡོད། དེ་ཐོག་ནས་ཀྲུང་ཨུའི་འབྲེལ་བའི་ཆུ་ཚད་མཐོ་བ་དང་དམིགས་བསལ་རང་བཞིན་གང་ལེགས་མཚོན་གྱི་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་དུ་མཚན་རྟགས་བཀོད་པ་མ་ཟད་འགྲེམས་སྤེལ་བྱས་པའི་མཉམ་འབྲེལ་གསལ་བསྒྲགས་ནང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་དགེ་མཚན་ལྡན་པའི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་ཡོད།

    ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ཡུན་རིང་མཛའ་གྲོགས་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས། གཉིས་ཕན་མཉམ་ལས་གཉིས་ཁེ་བཅས་ཀྱི་འདུ་ཤེས་ཀྱི་རྒྱུན་བསྐྱངས་ནས་མནའ་ཞུགས་མི་བྱེད་པ་དང་། འགྲན་རྒོལ་མི་བྱེད་པ། ཕྱོགས་གསུམ་པར་མ་དམིགས་པ་བཅས་བྱ་རྒྱུ་ཡིན་ལ། ཕྱོགས་གསུམ་པའི་ཤུགས་རྐྱེན་ཡང་མི་ཐེབས་པའི་ཚད་གཞི་མཐའ་འཁྱོངས་ཀྱིས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་དང་། རྒྱལ་ཁབ་ཆེན་པོའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་དང་ཁྱིམ་མཚེས་མཛའ་མཐུན་མཉམ་གནས་ཀྱི་ལམ་བུར་བདེ་བླག་ངང་བསྐྱོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དཔེ་མཚོན་བཏོད་པ། འགྱུར་ལྡོག་དང་ཟང་ཟིང་མཉམ་འདུས་ཀྱི་འཛམ་གླིང་ལ་བརྟན་པོའི་རང་བཞིན་དང་དྲང་ནུས་རྒྱུན་མཐུད་བསྣན་པ་བཅས་བྱས་ཡོད།

    འདི་ལོ་ཨུ་རུ་སུས་འབོ་གསེར་རྒྱལ་ཁབ་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བ་དང་། ལོ་འདིའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་རེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལག་ལེན་བསྟར་མཁན་གྱི་འགྲོ་རོགས་ཡིན་པའི་ཀྲུང་ཨུས་ཕྱོགས་གཉིས་པོའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ལ་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཧྲིལ་པོ་བཅོས་སྐྱོང་གི“ལྷོ་ཕྱོགས་ཀྱི་དུས་སྐབས”གཏོད་རྒྱུ་རེད། ཕྱོགས་གཉིས་པོས་ད་དུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བར་དྲན་གསོ་ཞུ་བ་གོ་སྐབས་སུ་བཟུང་སྟེ་འཐབ་ཇུས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ལག་གདང་སྦྲེལ་ནས་འཕེལ་རྒྱས་དང་དར་རྒྱས་གཏོང་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།