དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ(ཡུན་ནན)—ཁམ་ཕུ་ཁྲེའི“ཡུན་ནན་དུ་ཡུལ་སྐོར་བྱེད། ཝུའུ་ཀོ་ལ་ལྟ་སྐོར་བྱེད”ཅེས་པའི་ཤུལ་བཞག་གནས་ཡུལ་གྱི་དགའ་འབོད་ཀྱི་སྒྲའི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-06-11

     ཀྲུང་གོ(ཡུན་ནན)—ཁམ་ཕུ་ཁྲེའི“ཡུན་ནན་དུ་ཡུལ་སྐོར་བྱེད། ཝུའུ་ཀོ་ལ་ལྟ་སྐོར་བྱེད”ཅེས་པའི་ཤུལ་བཞག་གནས་ཡུལ་གྱི་དགའ་འབོད་ཀྱི་སྒྲའི་རིམ་སྤེལ་བྱེད་སྒོ་ཚེས་7ཉིན་ཡུན་ནན་ཁུན་མིང་དུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ནི་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དང་ཁམ་ཕུ་ཁྲེ་རྒྱལ་ལྡན་རྒྱལ་ཁབ་ཀྱི་གསར་འགྱུར་པུས་གཙོ་གཉེར་བྱས་པ་ཞིག་ཡིན་ལ། ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་དཔོན་རིགས་དང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འཐུས་མིས་རིག་གནས་ཡུལ་སྐོར་མཉམ་ལས་ཐད་ཀྱི་གོ་སྐབས་གསར་པ་སོགས་ལ་དམིགས་ནས་སྤེལ་རེས་བྱས་ཤིང་། དེའི་དམིགས་ཡུལ་ནི་ཀྲུང་ཁམ་གྱི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་གཏོང་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།