དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལན་ཀྲོའུ་རི་སྐྱེས་སྲོག་ཆགས་གླིང་གི་དོམ་ཁྲ་ཁང་དངོས་སུ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-11

    འདི་ནི་ལན་ཀྲོའུ་རི་སྐྱེས་སྲོག་ཆགས་གླིང་གི་དོམ་ཁྲ་ཁང་དུ་དོམ་ཁྲ“མན་མན”གྱིས་སྨྱུག་མ་ཟ་བཞིན་པ།

    ཉེ་ཆར། ལན་ཀྲོའུ་རི་སྐྱེས་སྲོག་ཆགས་གླིང་གི་དོམ་ཁྲ་ཁང་དངོས་སུ་སྒོ་ཕྱེ་བ་རེད། དོམ་ཁྲ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་2100ལྷག་ཙམ་ཟིན་པ་དང་། ཕྱི་རོལ་བྱེད་སྒོའི་འགྲེམས་ཁུལ་གྱི་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་3100ལྷག་ཙམ་ཟིན་ཡོད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་སི་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་དོམ་ཁྲ་ཁང་དེར་དོམ་ཁྲ་འཚོ་སྡོད་ཀྱི་ཆ་རྐྱེན་འཛོམས་པའི་གཏན་འཁེལ་བྱས་ཡོད་པས། སླད་ཕྱིན་ཡུལ་སྐོར་བས་ལན་ཀྲོའུ་རི་སྐྱེས་སྲོག་ཆགས་གླིང་གི་དོམ་ཁྲ་ཁང་དུ་ཐག་ཉེ་ས་ནས“རྒྱལ་ནོར”དོམ་ཁྲར་ལྟ་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།