དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་དཔྱད་ཀྱི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-11

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་དཔྱད་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་གནས་ཚུལ་མཐིལ་རྟོགས་བྱས་པ་རེད། 2024ལོའི་ཟླ་4པའི་ཟླ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོ(གྲོང་ལྷན)ཡོངས་ཀྱི་མཉམ་སྡེབ“མ་རྩ་གསུམ”གྱི་གནས་ཚུལ་གསར་ཤོས་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གཉེར་སྐྱོང་རང་བཞིན་གྱི་མ་རྩ་སྒོར་དུང་ཕྱུར་7.35ལྷག་ཙམ་དང་། གཉེར་སྐྱོང་རང་བཞིན་མིན་པའི་མ་རྩ་སྒོར་དུང་ཕྱུར་10.59ལྷག་ཙམ། ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་མུའུ་ཁྲི་3968.23ལྷག་ཙམ་བཅས་ལ་གཙང་བཤེར་བྱས་པ་རེད།

    གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་གྱི་ལོ་འཁོར་གྱི་རྒྱུ་ནོར་གཙང་བཤེར་དང་མ་རྩར་ཞིབ་དཔྱད་ཡག་པོ་བྱ་རྒྱུ་ནི་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་དོ་དམ་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་རེད། ཆབ་མདོ་གྲོང་ཁྱེར་གྱིས་རྫོང(ཆུས)དང་ཤང(གྲོང་རྡལ)གི་ལས་དོན་པ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་དྲ་ཐོག་གི་གསོ་སྦྱོང་སློབ་སྦྱོང་ནང་ཞུགས་ཏེ་གཙོ་བོ་རྒྱུ་ནོར་གཙང་བཤེར་མ་རྩར་ཞིབ་དཔྱད་བྱེད་དགོས་དོན་གང་ཡིན་པ་དང་། གཙང་བཤེར་བྱེད་ཐབས་གང་ཡིན་པ། གྲོང་ཚོ་རིམ་པའི་རྩིས་དོན་དོ་དམ་ཇི་ལྟར་བྱེད་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་གསོ་སྦྱོང་བྱས་པ་མ་ཟད། རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་དཔྱད་མ་ལག་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་དང་། གཉེར་སྐྱོང་རང་བཞིན་མིན་པ། ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་བཅས་ལ་རིམ་བཞིན་གཙང་བཤེར་ཞིབ་དཔྱད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།