འདམ་གཞུང་འབྲི་གཡག་གི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ་(གྲབས་འཛུགས)གྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ།
ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས། འདམ་གཞུང་རྫོང་ཨུད་དང་རྫོང་སྲིད་གཞུང་བཅས་ཀྱིས“འདམ་གཞུང་འབྲི་གཡག་གི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ(གྲབས་འཛུགས)”གྱི་སྒོ་བྱང་གི་ཡོལ་བ་ཕྱེ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོའི་ཟླ་12ཚེས་28ཉིན། འདམ་གཞུང་གི་འབྲི་གཡག་གི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ལ་སྲུང་སྐྱོང་བྱེད་པར་ཆོག་མཆན་ཐོབ་ཚུན། འབྲེལ་ཡོད་སྡེ་ཚན་གྱིས་འབྲི་གཡག་ཐོན་ལས་ཚད་ལྡན་ཅན་དང་སྤུས་རྟགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱས་པ་དང་། ལོ་ཁ་ཤས་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། འདམ་གཞུང་གི་འབྲི་གཡག་དེ་2023ལོར“རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ་གྲབས་འཛུགས་མིང་ཐོ”དང“རྒྱལ་ཁབ་ཤེས་བྱའི་བདག་དབང་གི་ས་ཁམས་མཚོན་རྟགས་ཀྱི་བེད་སྤྱོད་སྐུལ་འདེད་ཀྱི་གཙོ་གནད་འབྲེལ་གཏུག་དང་མཛུབ་ཁྲིད་མིང་གཞུང་ཁག་གཉིས་པར”ཚུད་ཡོད་པ་རེད།