རང་རྒྱལ་གྱི་འཛམ་གླིང་རང་བྱུང་ཤུལ་བཞག་དང་རིག་གནས་དང་རང་བྱུང་ཤུལ་བཞག་གི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ།
འདི་ནི་ཟླ་6ཚེས་8ཉིན་རང་རྒྱལ་གྱི་འཛམ་གླིང་རང་བྱུང་ཤུལ་བཞག་སྟེ། ཤིན་ཅང་ཐེན་ཧྲན་གྱི་ཐེན་ཁྲེ་མཛེས་ལྗོངས་ཁུལ་གྱི་རི་ཆུ་ནགས་གསུམ་ལྟ་ན་སྡུག་པའི་མཛེས་ལྗོངས་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་8ཉིན་ནི་རང་རྒྱལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཐེངས་བརྒྱད་པ་རེད། མིག་སྔར་རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་གི་སྤྱི་འབོར་ཁག་57ཟིན་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད་ཅིང་། དེའི་ནང་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཁག་14དང་རིག་གནས་དང་རང་བྱུང་གཉིས་ཀྱི་ཤུལ་བཞག་ཁག་4ནི་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་མ་ཟད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་7.06ཟིན་ཡོད་པ་རེད།
རང་རྒྱལ་གྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་པ། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་བརྒྱུད་འཛམ་གླིང་གི་རང་བྱུང་ཤུལ་བཞག་དང་དེ་བཞིན་རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་གྱི་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས་ཤུལ་བཞག་ཁུལ་གྱི་སྐྱེ་ཁམས་བྱེད་ནུས་དང་ཞབས་ཞུའི་རིན་ཐང་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།