དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “བྱ་ཐབས་ནུས་ལྡན་སྤྱད་དེ་འབྱུང་འགྱུར་གསོ་སྐྱོང་བྱེད”ཅེས་པའི་བྱིས་པའི་བདེ་ཐང་སྐོར་གྱི་དྲིལ་བསྒྲགས་དང་དར་སྤེལ་གཏོང་བའི་བྱེད་སྒོ་པེ་ཅིང་དུ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-10

    ཚེས་7ཉིན། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པའི་བདེ་ཐང་ལྟེ་གནས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“བྱ་ཐབས་ནུས་ལྡན་སྤྱད་དེ་འབྱུང་འགྱུར་གསོ་སྐྱོང་བྱེད”ཅེས་པའི་བྱིས་པའི་བདེ་ཐང་སྐོར་གྱི་དྲིལ་བསྒྲགས་དང་དར་སྤེལ་གཏོང་བའི་བྱེད་སྒོ་པེ་ཅིང་དུ་སྤེལ་འགོ་ཚུགས་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པའི་བདེ་ཐང་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཙུང་ཡུས་ཀྱིས། “བྱིས་པའི་ཆུང་དུས་ཀྱི་འཚར་ལོངས་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས”ཞེས་བརྗོད་པ་དང་། ཁོང་གིས། ཀྲུང་གོ་སྲིད་གཞུང་གིས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། བྱིས་པའི་བདེ་ཐང་ཞབས་ཞུའི་མ་ལག་དང་སྨན་བཅོས་འགན་ལེན་ལམ་ལུགས་འཐུས་ཚང་ཞིག་བཟོས་ཏེ། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ལམ་ལུགས་ཀྱི་འགན་ལེན་དང་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་བཞིན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།