“རྒྱུད་གཅིག་ལམ་གཅིག”ཐོག་གི“མུ་ཏིག”ལས་གྲྭ
ཨན་ཀོ་ལའི་ཁའེ་ལན་པཱ་གྲོང་གསར་ནི་ཀྲུང་ཨན་མཛའ་གྲོགས་ཀྱི་དཔང་པོ་ཡིན།
འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཁའེ་ལན་པཱ་གྲོང་གསར་གྱི་རྣམ་པ་ཡིན་པ།
འདི་ནི་2009ལོའི་ཟླ་10ཚེས་12ཉིན་པར་བརྒྱབ་པའི་ཁའེ་ལན་པཱ་གྲོང་གསར་འཛུགས་སྐྲུན་གྱི་ལས་ཡུལ་ཡིན་པ། ཀྲུང་ཤིན་འཛུགས་སྐྲུན་ཀུང་སིས་པར་མཁོ་འདོན་བྱས་པ(ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)
འདི་ནི་ཁའེ་ལན་པཱ་གྲོང་གསར་དུ་སློབ་གྲྭར་འགྲོ་མཁན་སློབ་མ་ཚོ་སློབ་ཚན་གྲོལ་ནས་མཉམ་དུ་ལོག་འགྲོ་བའི་རྣམ་པ་ཡིན་པ།
འདི་ནི་བྱིས་པ་ཚོས་ཁའེ་ལན་པཱ་གྲོང་གསར་དུ་རྩེད་མོ་རྩེ་བའི་རྣམ་པ་ཡིན་པ།
འདི་ནི་ཁའེ་ལན་པཱ་གྲོང་གསར་གྱི་སློབ་ཆུང་ཞིག་ནང་སློབ་ཕྲུག་ཚོས་ལུས་སྦྱོང་བྱེད་སྒོ་སྤེལ་བའི་རྣམ་པ་ཡིན་པ།
འདི་ནི་ཁའེ་ལན་པཱ་གྲོང་གསར་འཛུགས་སྐྲུན་མ་བྱས་གོང་གི་ས་རྒོད་ཡིན་པ། ཀྲུང་ཤིན་འཛུགས་སྐྲུན་ཀུང་སིས་པར་མཁོ་འདོན་བྱས་པ(ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ)
འདི་ནི་ཁའེ་ལན་པཱ་གྲོང་གསར་གྱི་སྤྱི་གླིང་དུ་གྲོང་མི་ཚོ་འཆམ་འཆམ་བྱེད་པའི་རྣམ་པ་ཡིན་པ།
འདི་ནི་ཁའེ་ལན་པཱ་གྲོང་གསར་ཁུལ་ཆུང་གི་སྤྱི་གླིང་ཡིན་པ།
པར་ངོས་འདིའི་པར་རིས་གསལ་བཤད་ཡོད་པ་ཕུད་དེ་མིན་ཚང་མ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཡཱ་ཧུའེ་ཡིས་པར་བརྒྱབ་པ།
ཁའེ་ལན་པཱ་གྲོང་གསར་ནི་ཨན་ཀོ་ལའི་རྒྱལ་ས་ལུ་ཨན་ཏ་གྲོང་ཁྱེར་གྱི་ལྟེ་བ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་18ཙམ་བསྐྱོད་པའི་མཚམས་སུ་གནས་ཡོད་ལ། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གར་སྐྲུན་འགན་ཁུར་བའི་དམངས་འཚོའི་ལས་གྲྭ་ཆེ་ཤོས་དེ་རེད། རྣམ་གྲངས་བསྐྲུན་རྗེས། ཨན་ཀོ་ལ་སྲིད་གཞུང་གིས་ཨན་ཀོ་ལའི་དམག་འཁྲུག་རྗེས་བསྐྱར་སྐྲུན་གྱི་དཔེ་མཚོན་དང་། ཨན་ཀོ་ལ་དང་ཐ་ན་ཨ་ཧྥེ་རི་ཁ་སྐམ་ས་ཆེ་མོའི་ཐོག་གི“མུ་ཏིག”ཅེས་བསྔགས་བརྗོད་བྱེད་བཞིན་ཡོད་པ་རེད།
མིག་སྔར། ཁའེ་ལན་པཱ་གྲོང་གསར་དུ་མི་ཁྲི་12ཡོད། རྣམ་གྲངས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་331ཟིན་ཡོད། སློབ་གྲྭ་དང་། ཆུ་ཀ་ལའི་བཟོ་གྲྭ བཙོག་ཆུ་གཙང་གསིང་བཟོ་གྲྭ གློག་སྒྱུར་ས་ཚིགས་སོགས་སྒྲིག་བཀོད་ལེ་ལག་ཚང་པོ་ཡོད། རྣམ་གྲངས་འདིས་ཀྲུང་ཨན་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་བརྩེ་ཟབ་མོ་མཚོན་ཡོད་ལ། རྒྱལ་ཁབ་གཉིས་པོའི་འདྲ་མཉམ་གྱི་མཛའ་གྲོགས་དང་། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཀྱི་དཔེ་མཚོན་དེ་བས་ཀྱང་ཡིན། འབྱུང་འགྱུར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་འོག ཀྲུང་ཨན་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལག་གདང་སྦྲེལ་ནས་མཛའ་གྲོགས་གླེང་བ་དང་། ཐུན་མོང་འཕེལ་རྒྱས། དར་རྒྱས་མཉམ་འགོད་བཅས་ཀྱི་གཏམ་རྒྱུད་གསར་པ་དེ་བས་མང་པོ་རྩོམ་རྒྱུ་ཡིན་པ་རེད།