དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-10

    འཛད་སྤྱོད་ཀྱི་ཁོར་ཡུག་དང་ཁྲོམ་རའི་སྒྲིག་ལམ་སྐྱོན་བྲལ་དང་གོ་རིམ་ལྡན་པར་འགན་ལེན་ཏན་ཏིག་བྱ་ཆེད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ལས་ཡུལ། གཙོ་གནད་ཚན་པ་བཅས་ལ་དམ་པོར་དམིགས་ཏེ། ཁྲོམ་རར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “བདེ་འཇགས་ཆེན་པོ་བཞིའི”མཐའ་ཚད་བརྟན་པོར་སྲུང་བ། ཚད་འཇལ་དང་རིན་གོང་གི་བྱ་སྤྱོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་བདེ་འཇགས་དང་བློ་བདེ་སེམས་བདེའི་ཚོང་གཉེར་ཁོར་ཡུག་བཏོད་པ་རེད། འདི་ནི་ལས་དོན་པས་ཞིང་ཞོར་ཐོན་རྫས་ཁྲོམ་རར“འགན་འཁྲི་གཉིས”ཀྱི་ལས་ཀའི་ལམ་སྲོལ་དང་། ལག་ཁྱེར་དང་སྤ་སེ་ལེན་པ། དངོས་ཟོག་འཐེན་སྐབས་ཞིབ་བཤེར་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་མིན་ལ་ཞིབ་བཤེར་གཙོ་བོ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།