ལྷོ་རོང་རྫོང་གིས་ཞིང་འབྲོག་པའི་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་བ།
དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་ཆེད། འདི་ལོ་ཚུན་དུ། ལྷོ་རོང་རྫོང་གིས་མཐོ་ས་ནས་སྐུལ་འདེད་དང་། ཆེད་མིས་འགན་འཁུར། ཕྱོགས་མང་གཞོགས་འདེགས་བཅས་བྱས་ནས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་དང་རྩ་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་ལས་དོན་སྤེལ་ཞིང་། རྩལ་ནུས་གསོ་སྦྱོང་བྱས་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་། ངལ་རྩོལ་པ་ཕྱིར་བཏང་ནས་སྒུལ་ཤུགས་སྣོན་པ་བརྒྱུད། ཞིང་འབྲོག་མང་ཚོགས་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་བ་རེད།
འདི་ལོ་ཚུན་དུ། ལྷོ་རོང་རྫོང་གིས་ཞིང་འབྲོག་མང་ཚོགས་20ཡུན་ནན་དུ་མངགས་ནས་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་ཤིང་། རིགས་པའི་གཞུང་ལུགས་དང་། ལག་ལེན། དེང་རབས་འདེབས་འཛུགས། ཐོན་རྫས་ཁྱབ་གདལ་སོགས་ཕྱོགས་མང་པོའི་ཐད་ནས་སློབ་སྦྱོང་དང་སྤེལ་རེས་བྱས་པ་དང་། ཞིང་འབྲོག་མང་ཚོགས་8སྒྲིག་འཛུགས་བྱས་ནས་ཁྲུང་ཆིང་དུ་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་པ་རྒྱལ་ཁབ་གློག་དྲ་གློག་ཤུགས་ཀུང་སིར“མངགས་ཐོ་རྣམ་པའི”གསོ་སྦྱོང་ལ་ཞུགས་པ་རེད། མིག་སྔའི་བར། ལྷོ་རོང་རྫོང་གིས་ཞིང་འབྲོག་པ་814ལ་རྩལ་ནུས་གསོ་སྦྱོང་བྱས་པ་རེད།