ཀྲུང་གོའི་གོ་སྐབས་དང་བསྟུན་ནས་ཐུན་མོང་འཕེལ་རྒྱལ་ལ་སྐུལ་འདེད་བཏང་བ།
ཀོང་ཀྲོའུ་ཚོང་འདུས་སྐབས་135པའི་ས་ཆ་དངོས་སུ་སླེབས་པའི་མེ་ལུའོ(དཀྱིལ)ཡིན་པ། བཅར་འདྲི་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་པར་རིས།
ཕྱི་རྒྱལ་གྱི་ཚོང་པ་ཞིག་གིས་ཀོང་ཀྲོའུ་ཚོང་འདུས་སྐབས་135པའི་ནུས་རྒྱུ་གསར་པའི་རླངས་འཁོར་འགྲེམས་ཁུལ་དུ་རླངས་འཁོར་ཞིག་ལ་ཤེས་རྟོགས་ཞིབ་ཕྲ་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་ཏ་ཝེ་ཡིས་པར་བླངས།
ཀོང་ཀྲོའུ་ཚོང་འདུས་སྐབས་135པའི་དུས་ཐེངས་གཉིས་པའི་སྐྱེད་ཚལ་འགྲེམས་ཁུལ་གྱིས་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་མང་པོའི་ཡིད་དབང་བཀུག་པ། ཁྲེང་ཁྲུའུ་ཧུང་གིས་པར་བླངས།
མཱ་ཐེ་ཨུ་སི(གཡོན)ཡིན་པ། བཅར་འདྲི་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་པར་རིས།
ཀོང་ཀྲོའུ་ཚོང་འདུས་སྐབས་135པ་གཉེར་ཡུལ་ཀོང་ཀྲོའུ་ཕ་ཀྲོའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་ཡིན་པ། ཝང་མེ་དབྱན་གྱིས་པར་བླངས།
ཉེ་ཆར། ཀོང་ཀྲོའུ་ཚོང་འདུས་སྐབས་135པ་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་མཇུག་འགྲིལ་ཞིང་། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་སུ་དྲ་ཕྱི་ནས་ཕྱིར་གཏོང་གི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་247ཟིན་པ་དང་། དྲ་ཐོག་ལས་སྟེགས་ནས་ཕྱིར་གཏོང་གི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་30.3ཟིན་པ་དེ་སྐབས་གོང་མ་ལས་10.7%དང་33.1%སོ་སོར་འཕར་ཡོད། ཀོང་ཀྲོའུ་ཚོང་འདུས་གྲོལ་རྗེས། ཚོང་པ་ལ་ལས་བཟོ་གྲྭ་དང་ཚོང་ཁང་ལ་ལྟ་བར་འགྲོ་བའི་ཁ་ཆད་བྱེད་པ་དང་། ལ་ལས་རང་རྒྱལ་ཁབ་ཏུ་ལོག་ནས་ཚོང་ཟོག་མངགས་ཐོར་གྲོས་མོལ་བྱེད་པ་སོགས་ཀྱི་མཉམ་ལས་མང་པོ་ཞིག་མུ་མཐུད་སྤེལ་བཞིན་ཡོད། ཚོང་འདུས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་ཚོང་པ་མང་པོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་གདེང་ཚོད་ཀྱིས་ཁེངས་ཤིང་། ཀོང་ཀྲོའུ་ཚོང་འདུས་སོགས་གཙོ་གནད་འགྲེམས་ཚོགས་ལས་སྟེགས་སུ་བྱས་ཏེ། ཀྲུང་གོར་ཚོང་གཉེར་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ་དང་ཀྲུང་གོའི་གོ་སྐབས་དང་བསྟུན་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་བཞིན་ཡོད།