དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་སྤྱི་པུས་བརྡ་ཐོ་བཏང་སྟེ།

    དབུ་དཀར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-08

    ཉེ་ཆར། མི་སྤྱི་པུས་རྒྱབ་སྐྱོར་བྱ་ཐབས་ཤུགས་ཆེར་བཏང་སྟེ་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་རམ་འདེགས་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཀྲམ་ནས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དང་བྱ་ཐབས་ཁག་སྤྱི་འདོམས་བེད་སྤྱོད་ཡག་པོ་བྱས་ཏེ། དབུ་དཀར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་བར་རམ་འདེགས་བྱས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    བརྡ་ཐོའི་ནང་ཁ་གསལ་བསྟན་དོན། དབུ་དཀར་དཔལ་འབྱོར་ལག་རྩལ་གྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ལག་རྩལ་བཟོ་པའི་སློབ་གླིང་དང་སློབ་གྲྭར་ཆེད་ལས་སྒྲིག་བཀོད་ལེགས་སྒྲིག་ལ་ཁྲིད་སྟོན་དང་རྒན་རྒོན་དང་འབྲེལ་བ་ཡོད་པའི་ཆེད་ལས་ཐོན་སློབ་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་ནས་རྒན་གསོའི་ནད་གཡོག་དང་། བདེ་ཐང་ལྟ་སྐྱོང་། སྨན་བཅོས་ཞབས་ཞུ་སོགས་འཕྲལ་མཁོ་ཆེ་བ་དང་ཁ་ཚ་དགོས་གཏུགས་ཀྱི་དབུ་དཀར་དཔལ་འབྱོར་ལས་རིགས་དག་ལས་རིགས་རྩལ་ནུས་གསོ་སྦྱོང་གི་དཀར་ཆག་ནང་དུས་ཐོག་ཏུ་འཇུག་པ་དང་འབྲེལ་ཁྱད་ལྡན་གསོ་སྦྱོང་ཡང་བྱེད་དགོས། དབུ་དཀར་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཤེས་ལྡན་པའི་འཕེལ་རྒྱས་བར་མཐོངས་ཡངས་སུ་བཏང་སྟེ། དབུ་དཀར་དཔལ་འབྱོར་ཁྱབ་ཁོངས་ཀྱི་མི་སྤྱོད་ཚན་པས་རང་འགུལ་ངང་རྩལ་ནུས་ཤེས་ལྡན་པར་གདེང་འཇོག་བྱེད་པར་ཁྲིད་སྟོན་བྱེད་པ་དང་། རྒན་གསོའི་ཞབས་ཞུའི་སྒྲིག་གཞིར་སྨན་བཅོས་དང་། ལུས་གསོ། ནད་གཡོག་སོགས་རིགས་ཁག་གི་ཆེད་ལས་ལག་རྩལ་གྱི་སྨན་དོན་པ་གཏན་འབེབས་ལྟར་ལས་རིགས་ཐོབ་ཐང་རྒྱུགས་ལེན་ནམ་ཡང་ན་གོ་མིང་ཞིབ་དཔྱད་ནང་ཞུགས་པར་རྒྱབ་སྐྱོར་བྱས་ནས་འབྲེལ་ཡོད་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོར་ཆེད་དམིགས་འགྲན་བསྡུར་རྣམ་གྲངས་འཛུགས་དགོས།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། དབུ་དཀར་དཔལ་འབྱོར་ཁེ་ལས་ཀྱི་མི་སྤྱོད་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། དབུ་དཀར་དཔལ་འབྱོར་ཁྱབ་ཁོངས་ཀྱི་གཙོ་གནད་ཁེ་ལས་མི་སྤྱོད་ཞབས་ཞུའི་འགན་ལེན་ཁྱབ་ཁོངས་སུ་འཇུག་པ་དང་། དྲ་ཐོག་ཏུ་དབུ་དཀར་དཔལ་འབྱོར་གྱི་ལས་བསྡུའི་ཆེད་སྤྱོད་ཁུལ་འཛུགས་པ། དྲ་ཕྱིར་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་ཤེས་ལྡན་པ་དགོས་མཁོའི་སྔོན་དཔག་ཡག་པོ་བྱེད་དགོས། དབུ་དཀར་དཔལ་འབྱོར་ཁེ་ལས་ཀྱིས་ལས་ཞུགས་བསྡུ་ལེན་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་བཅུག་མཁན་ཕྲན་ཚེགས་ཁེ་ལས་དང་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་བསྡུ་མཁན་ཚན་པར་གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་སྤྲོད་དགོས། དབུ་དཀར་དཔལ་འབྱོར་ཁྱབ་ཁོངས་སུ་ལྟ་སྦྱོང་རྟེན་གཞི་ཁག་གཅིག་བཙུགས་ནས་དབུ་དཀར་དཔལ་འབྱོར་ཁྱབ་ཁོངས་སུ་ལས་ཀར་ཞུགས་མཁན་གཞོན་ནུ་རྣམས་ཀྱི་ཚོར་སེམས་དང་མོས་སེམས་ཟབ་ཏུ་གཏོང་དགོས། དབུ་དཀར་དཔལ་འབྱོར་ཁྱབ་ཁོངས་ཀྱི་རང་བརྟེན་ལས་གཏོད་ལ་རྒྱབ་སྐྱོར་བྱས་ཏེ། ལས་གཏོད་རྣམ་གྲངས་ཀྱི་མཛོད་ཁག་གཅིག་གསར་སྤེལ་བྱེད་པ་དང་། མ་ལན་མེ་ཏོག་གི་ལས་གཏོད་གསོ་སྦྱོང་གཉེར་བ། དབུ་དཀར་དཔལ་འབྱོར་གྱི་ལས་གཏོད་གསོ་སྐྱོང་ཆེད་ཁུལ་དང་རྟེན་གཞི་འཛུགས་པ་བཅས་བྱས་ནས་རང་བརྟེན་ལས་གཏོད་ཀྱི་གཙོ་གནད་ཚོགས་སྤྱིར་གཏན་འབེབས་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་དང་ལས་གཏོད་ཁག་ཐེག་དངུལ་བུན་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། དབུ་དཀར་དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་གནས་ལ་མོས་སེམས་བྱེད་ཤུགས་ཟབ་ཏུ་བཏང་སྟེ། ཁེ་ལས་ཀྱི་མི་སྤྱོད་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བར་སྐུལ་ལྕག ལས་བཟོའི་ཧུར་སེམས་འཕེལ་བ་བཅས་བྱས་ནས་མི་སྤྱོད་གཞི་ཁྱོན་བརྟན་པོ་ཡོང་བར་བྱེད་དགོས།

    བརྡ་ཐོའི་ནང་བཏོན་དོན། དབུ་དཀར་ཚོགས་སྤྱིའི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་སྟེ། མི་སྤྱོད་ཚན་པས“རྒན་འཕྲོད་ཅན”གྱི་ལས་གནས་གསར་སྤེལ་ཤུགས་ཆེན་བྱེད་པར་ཁྲིད་སྟོན་བྱེད་པ་དང་། སྤྱི་པའི་སྡེ་ཚན་དང་གཞི་རིམ་སྡེ་ཁུལ་གྱིས“རྒན་བརྟེན་རྒན་རོགས”ཀྱི་ཞབས་འདེགས་ཞུ་སྟངས་ཁྱབ་གདལ་ལ་རྒྱབ་སྐྱོར། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་རྒན་རྒོན་ལ་འཚམ་པའི་མི་ཤུགས་ཐོན་ཁུངས་ཀྱི་ལས་ཞུགས་ལས་གནས་དང་། ལག་རྩལ་ཐོན་རྫས། ཞབས་འདེགས་ཞུ་སྟངས་བཅས་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས། ལོ་ན་མཐོ་བའི་ངལ་རྩོལ་པའི་ངལ་རྩོལ་ཁེ་དབང་སྲུང་སྐྱོང་བྱས་ཏེ། མི་སྤྱོད་ཚན་པས་ལོ་ཚད་ལས་བརྒལ་བའི་ངལ་རྩོལ་པའི་ངལ་རྩོལ་ཐོབ་ཆ་དང་། ངལ་གསོ་དང་གུང་གསེང་། འགན་བཅོལ་ཕན་བདེ་སོགས་ཀྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱེད་པར་ཁྲིད་སྟོན་བྱས་ནས་ལོ་ན་མཐོ་བའི་ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་ཐབས་ལམ་ཤར་གཏོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།