དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ལྗོངས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ནགས་བཟོ་མུའུ་ཁྲི་40ཙམ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-06-08

    2021ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས“ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ”ལག་ལེན་བསྟར་འགོ་བཙུགས་ནས། ལོ་བཅུའི་རིང་ནགས་བཟོ་མུའུ་ཁྲི་206.72བྱས་ཏེ། “ལོ་ལྔའི་རིང་རི་ལྡེབས་དང་ཆུ་འགྲམ་དུ་ལྗོན་ཤིང་བཙུགས་ནས་ལོ་བཅུའི་ནང་ལྷ་ས་སྔོ་ལྗང་གིས་ཁེངས་པའི”འཆར་གཞི་མངོན་འགྱུར་བྱེད་རྩིས་ཡོད་ཅིང་། མིག་སྔར། བོད་ཀྱིས་ནགས་བཟོ་མུའུ་ཁྲི་40ཙམ་བྱས་ཤིང་། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྡོང་ཕྲུག་གསོན་ཚད་80%ཡན་ཟིན་ནས་སྡོང་ཕྲུག་སྣ་ཚོགས་ཁྲི་8000ཡན་བཙུགས་ཡོད།

    འདི་ནི་ཟླ་6ཚེས་3ཉིན། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་2024ལོ་འཁོར་གྱི་སྲ་བརྟན་མཐོར་གཏོང(གོང་དཀར་གནམ་ཐང་ཉེ་འགྲམ་གྱི་རི་བོ)ལས་གྲྭའི་རྣམ་གྲངས་བསྐྲུན་ཡུལ་དུ་ནགས་ལས་ནད་ཡམས་ཞིབ་བཤེར་ཁྲིམས་སྒྱུར་ལས་དོན་པས་ཤིང་སོན་གྱི་རྩ་བའི་ས་གོང་ཚད་གཞི་ལོངས་མིན་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་ཟླ་6ཚེས་3ཉིན། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་2024ལོ་འཁོར་གྱི་དུས་ཐེངས་དང་པོའི་ལས་གྲྭའི་གོང་དཀར་རྫོང་གི་ནགས་བཟོའི་རྣམ་གྲངས་ཏེ་གོང་དཀར་ཡུག་ཁུལ་2པར་ས་གནས་དེ་གའི་ཡུལ་མིས་ཤིང་འཛུགས་ནགས་བཟོ་བྱེད་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།