དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ལོ་10བསྟུད་མར་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ཏེ“དམར་ཐིག་གསུམ”གྱི་ལོ་འཁོར་དམིགས་ཚད་ལས་འགན་ལེགས་པར་བསྒྲུབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-06-08

    ཉེ་ཆར་གསར་འགོད་པར་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས“ཆུ་ལ་གཞིགས་ནས་གཏན་འཁེལ་བྱེད་པ་བཞི”ཡི་རྩ་དོན་མཐའ་འཁྱོངས་བྱས་ཤིང་། ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་ལ་གཞིགས་ནས་གྲོང་ཁྱེར་གྱི་བར་སྟོང་བཀོད་སྒྲིག་དང་། ཐོན་ལས་གྲུབ་ཆ། མི་འབོར་གྱི་གཞི་ཁྱོན་བཅས་ལེགས་སུ་བཏང་བ་དང་དེ་བཞིན་འབབ་རྒྱུད་ཀྱི་འཕེལ་རྒྱས་བཀོད་སྒྲིག་བྱེད་སྟངས་དང་ཆུའི་ཐོན་ཁུངས་ཀྱི་བར་སྟོང་ཁྱད་ཆོས་ལ་གཞི་ཚུགས་ཏེ། ཆུའི་ཐོན་ཁུངས་བཀོད་སྒྲིག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་བཏང་ནས་ལོ་10བསྟུད་མར་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་ཏེ“དམར་ཐིག་གསུམ”གྱི་ལོ་འཁོར་དམིགས་ཚད་ལས་འགན་ལེགས་པར་བསྒྲུབས་ཡོད།

    ཞིང་ཆེན་ཡོངས་ཀྱིས་ཆུའི་ཐོན་ཁུངས་ལ་བཙན་ཐབས་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི《ཆུའི་ཐོན་ཁུངས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《ཚྭ་འདམ་གཤོངས་སའི་ཆུའི་ཐོན་ཁུངས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》 《ས་འོག་ཆུའི་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཟོས་ནས་ལག་ལེན་བསྟར་བ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཆུ་ལེན་ཆོག་འཐུས་དང་ཆུའི་ཐོན་ཁུངས་གྲོན་དངུལ་བསྡུ་ལེན་དོ་དམ་བྱ་ཐབས》བཟོ་བཅོས་བརྒྱབ་ནས་ལག་ལེན་བསྟར་བ། ཆུའི་ཐོན་ཁུངས་དོ་དམ་གྱི་ལམ་ལུགས་མ་ལག་དང་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་བཏང་བ། 《མཚོ་སྔོན་ཞིང་ཆེན་གྱི་ཆུ་དྲའི་འཆར་འགོད》བཟོས་ནས་ལག་ལེན་བསྟར་ཏེ་ཞིང་ཆེན་ཡོངས་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་ཡོད།

    “ཙོང་ཆུ་འདྲེན་གཏོང”ལས་གྲྭའི་ལམ་ཐིག་ཡོངས་སུ་ཆུ་ཤར་གཏོང་ཐུབ་ཅིང་། འཆར་གཞི་ལྟར་ན་ལོ་རེར་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་5.26ཙོང་ཆུ་འབབ་རྒྱུད་ཀྱི་ཞིང་ལས་དང་། བཟོ་ལས། སྐྱེ་ཁམས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བ་བཅས་ལ་མཁོ་འདོན་ཐུབ་པའི་འགན་ལེན་བྱས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གསོག་ཅི་རོང་ཆུ་བེད་ལྟེ་བའི་ལས་གྲྭ་བསྐྲུན་ནས་གློག་བཏང་སྟེ། གཏེར་ལེན་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་དང་བཟོ་ལས་འཕེལ་རྒྱས་ལ་བློས་འགེལ་ཆུ་མཁོ་འདོན་ཐུབ་པའི་འགན་ལེན་བྱས་པ། ནཱ་ལིང་ཀེ་ལེ་གཙང་པོའི་ཆུ་བེད་ལྟེ་བའི་ལས་གྲྭ་གཙོ་བོ་ལོ་འདིར་སྤྱིའི་ཆར་བསྐྲུན་ཟིན་ནས་གོར་མོ་དང་། མོང་ཡ། ལེན་ཧུའུ་བཅས་ཀྱི་འཁོར་རྒྱུག་དཔལ་འབྱོར་ཁུལ་ལ་ཆུ་མཁོ་འདོན་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།

    དེ་དང་ཆབས་ཅིག་དམངས་འཚོ་ཆུ་བེད་འཛུགས་སྐྲུན་ལ་སྣང་ཆེན་བྱས་ཏེ་གཅིག་སྡུད་རྣམ་པའི་ལས་གྲྭ་2215དང་ཁ་ཐོར་རྣམ་པའི་ལས་གྲྭ་ཁྲི་3.36གི་ཆུ་མཁོ་འདོན་འགན་ལེན་མ་ལག་བསྐྲུན་ཞིང་། ཞིང་ཆེན་ཡོངས་སུ་རང་འབབ་ཆུ་ཀ་ལ་ཁྱབ་ཚད་དང་ཆུ་མཁོ་འདོན་ཐུབ་ཚད་2014ལོའི་55.2%དང་78.5%ནས་མིག་སྔའི་83%དང་96.2%བར་མཐོ་རུ་ཕྱིན་ཏེ། མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ཐུབ་ཡོད། ཞིང་ཆེན་ཡོངས་སུ་ཆུ་འདྲེན་ཁུལ་འབྲིང་གྲས་90དང་ཆུ་འདྲེན་ཁུལ་ཆུང་གྲས་1071བསྐྲུན་པར་བརྟེན། གསོག་འདྲེན་གཏོང་གསུམ་ཟུང་འབྲེལ་གྱི་ཆུ་གཏོང་དང་ཆུ་འདྲེན་དྲ་རྒྱ་བཀོད་སྒྲིག་གི་རྣམ་པ་རགས་ཙམ་ཆགས་ཤིང་། རིམ་རྩིས་བྱས་ན་ཆུ་གྲོན་ཆུང་གི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་112.13(སྤྱི་ཆིང་ཁྲི་7.48)འཕེལ་རྒྱས་བཏང་བ་དང་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་302.87(སྤྱི་ཆིང་ཁྲི་20.19)ལེགས་སུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།