དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཡུན་ནན་ཅི་ཁྲ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལས“ལྕགས་རིགས་བཞུ་བའི་ལག་རྩལ་ལྷོ་རུ་ཁྱབ་པར”དཔང་རྟགས་གསར་པ་བསྣན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-06-08

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ལོ་མང་རིང་། ཀྲུང་གོའི་ལྷོ་ནུབ་རི་ཁུལ་དང་སྐམ་སའི་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི་ལྕགས་རིགས་བཞུ་བའི་ལག་རྩལ་གྱི་འབྱུང་ཁུངས་གནད་དོན་ནི་ས་ཁོངས་དེ་གའི་རིག་གཞུང་དཔྱད་གླེང་བྱེད་མང་བའི་གནད་དོན་ཞིག་རེད། ཚན་རིག་ཞིབ་འཇུག་པས་ཡུན་ནན་ཅི་ཁྲ་གནའ་ཤུལ་ལ་ཞིབ་འཇུག་བྱས་རྗེས། ལྕགས་རིགས་བཞུ་བའི་ལག་རྩལ་དེ་ཕལ་ཆེར་སྤྱི་ལོའི་སྔོན་གྱི་1600ལོ་ནས་སྤྱི་ལོའི་སྔོན་གྱི་1200ལོའི་བར་མཚོ་བོད་ས་མཐོའི་ལྷོ་རྒྱུད་རི་ཁུལ་ནས་ཡུན་ཀུའེ་ས་མཐོ་དང་སྐམ་སའི་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་དུ་ཁྱབ་པ་ཤེས་རྟོགས་ཐུབ་ཡོད། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་གནའ་རྫས་རྟོག་ཞིབ་དུས་དེབ《གནའ་རྫས》(Antiquity)ཐོག་ཏུ་སྤེལ་ཡོད་པ་རེད།

    ཅི་ཁྲ་གནའ་ཤུལ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཝེ་ཞི་ལི་སུའུ་རིགས་རང་སྐྱོང་རྫོང་ཁོངས་སུ་གནས་ཤིང་། གནའ་ཤུལ་ཁུལ་ལ་དམིགས་པའི་སྔོག་འདོན་དང་ཞིབ་འཇུག་ལས་དོན་ནི་ཡུན་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡིས་སི་ཁྲོན་སློབ་གྲྭ་ཆེ་མོའི་གནའ་རྫས་རྟོག་ཞིབ་རིག་རྫས་སློབ་གླིང་སོགས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་སྤེལ་བ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་ལྷོ་ནུབ་རི་ཁུལ་དང་སྐམ་སའི་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི་ལྕགས་རིགས་བཞུ་བའི་ལག་རྩལ་གྱི་འབྱུང་ཁུངས་གནད་དོན་ལ་རྒྱལ་སྤྱིའི་རིག་གཞུང་ལས་རིགས་ཁྲོད་འདོད་ཚུལ་མི་འདྲ་བ་གཉིས་ཡོད་དེ། གཅིག་ནི་ཟངས་ལྕགས་བཞུ་བའི་ལག་རྩལ་དེ་སྤྱི་ལོའི་སྔོན་གྱི་2000ལོ་ནས་སྤྱི་ལོའི་སྔོན་གྱི་1800ལོའི་བར་ཤི་པོ་ལི་ཡའི་ལྷོ་རྒྱུད་ས་ཁུལ་ནས་ཀྲུང་གོའི་ནུབ་བྱང་ཁུལ་དུ་ཁྱབ་པ་དང་དེ་རྗེས“རི་ཁུལ་ལམ་ཐིག”སྟེ། མཚོ་བོད་ས་མཐོའི་ལྷོ་རྒྱུད་རི་ཁུལ་བརྒྱུད་ཡུན་ཀུའེ་ས་མཐོ་དང་སྐམ་སའི་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་དུ་ཁྱབ་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། གཞན་ཞིག་ནི་ཟངས་ལྕགས་བཞུ་བའི་ལག་རྩལ་དེ་སྤྱི་ལོའི་སྔོན་གྱི་ལོ་1100ནས་སྤྱི་ལོའི་སྔོན་གྱི་ལོ་1000བར་ཀྲུང་ཡོན་ས་ཁུལ་གྱི་ཧྲང་རྒྱལ་རབས་ནས“མཚོ་རྒྱུད་ལམ་ཐིག”བརྒྱུད་ཡུན་ཀུའེ་ས་མཐོ་དང་སྐམ་སའི་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་དུ་ཁྱབ་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།