དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་དང་གྲོང་གསེབ་ཀྱི་ལག་ཤེས་རྩལ་ནུས་ངོམ་སྟོན་སྤེལ་རེས་བྱེད་སྒོ་ཐེངས་དང་པོ་གཉེར་བ།

    རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ལག་ཤེས་དགེ་རྒན་གྲགས་ཅན་3ལ་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-08

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་དང་གྲོང་གསེབ་ལག་ཤེས་རྩལ་ནུས་ངོམ་སྟོན་སྤེལ་རེས་བྱེད་སྒོ་ཐེངས་དང་པོའི་རིང་། རང་ལྗོངས་ཀྱི་གྲོང་གསེབ་ལག་ཤེས་དགེ་རྒན་གྲགས་ཅན་4གདན་ཞུས་ལྟར་བསླས་འཐག་དང་འཚེམ་དྲུབ་འགྲན་བསྡུར་དང་། གྲགས་ཅན་དགེ་རྒན་གྱི་ཐད་གཏོང་མཉམ་སྤྱོད། གྲོང་གསེབ་ཀྱི་ལག་ཤེས་པ་གསོ་སྐྱོང་གྲུབ་འབྲས་འོས་སྦྱོར་སོགས་རྣམ་གྲངས་ལ་ཞུགས་ཏེ། རང་ལྗོངས་ཀྱི་སྲོལ་རྒྱུན་བསླས་འཐག་ལག་ཤེས་དང་། བསླས་འཐག་ཐོན་རྫས། སྲོལ་རྒྱུན་རིག་གནས་བཅས་ཁྱོན་ཡོངས་ནས་ངོམ་སྟོན་དང་འགྲེམས་འཚོང་དྲིལ་བསྒྲགས་བྱས་པ་རེད། གྲོང་གསེབ་ཀྱི་ལག་ཤེས་དགེ་རྒན་གྲགས་ཅན་གཅིག་ལ“བརྩམས་ཆོས་ཡག་ཤོས་ཀྱི་བྱ་དགའ”ཐོབ་པ་དང་གྲོང་གསེབ་ཀྱི་ལག་ཤེས་དགེ་རྒན་གྲགས་ཅན་གཉིས་ལ“དགའ་མོས་བྱེད་ཚད་མང་ཤོས་ཀྱི་བྱ་དགའ”ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།