དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་ཤིས་ཨན་དུ་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་འོས་སྦྱོར་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-08

    མཐོ་རིམ་ཤེས་ལྡན་པ་གདན་ཞུ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ཤེས་ལྡན་པའི་རྟེན་གཞི་གང་མགྱོགས་སྐྲུན་ཆེད། མིག་སྔར་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པ་དང་ཤིས་ཨན་དུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁང་དང་མཉམ་དུ་ཧྲའན་ཤིས་ཤིས་ཨན་དུ“ཤེས་ལྡན་པ་འདུ་འཛོམས་བྱས་ནས་ས་མཐོར་ཕུགས་འདུན་འཆང་བའི”2024ལོའི་བོད་ཀྱི་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ཀྱི་འོས་སྦྱོར་བྱེད་སྒོ(ཤིས་ཨན་གྱི་ཆེད་དོན་བྱེད་སྒོ)སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་བྱེད་སྒོར་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ཀྱི་སྨན་དང་སྨན་རྫས། ས་མཐོའི་ཡང་བའི་བཟོ་ལས་སོགས་གཙོ་གནད་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ནས་མཐོ་རིམ་ཤེས་ལྡན་པ་ནང་འདྲེན་གྱི་དགོས་མཁོ་456ཁྱབ་བསྒྲགས་བྱས་པའི་ནང་དགོས་མཁོ་170ལས་སྒྱུར་ནང་འདྲེན་དང་དགོས་མཁོ་286སྟབས་བསྟུན་ནང་འདྲེན་བྱས་པ་དང་། ལག་རྩལ་མཉམ་ལས་ཀྱི་དགོས་མཁོ་66ཁྱབ་བསྒྲགས་བྱས་ཡོད། དེ་དང་ཆབས་ཅིག རང་ལྗོངས་ཀྱི་མཐོ་རིམ་ཤེས་ལྡན་པ་ནང་འདྲེན་གྱིས་གླ་ཕོགས་ཐོབ་ཐང་དང་། ལས་འགན་ཐོབ་ཐང་། གོ་མིང་དཔྱད་བསྡུར་གདན་ཞུ། སྡོད་ཁང་སྲིད་ཇུས། ནང་མི་བཀོད་སྒྲིག སྨན་བཅོས་འགན་ལེན་སོགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ནང་འདྲེན་ཤེས་ལྡན་པར“ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞིར་ཡིག་ཐོག་སྙན་ཞུ་འབུལ་བའི་ལྕག་སྐུལ་དང་། ནང་འདྲེན་ཤེས་ལྡན་པའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར། ནང་འདྲེན་ཤེས་ལྡན་པའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་ལྕག ལེ་ལག་ཚང་བའི་གཟེངས་བསྟོད་བྱ་དགའི་སྲིད་ཇུས་ལག་ལེན་བསྟར་བ་སོགས་བྱེད་ཐབས་བརྒྱུད་ཐབས་བརྒྱ་ཇུས་སྟོང་ངང་ཤེས་ལྡན་པ་ནང་འདྲེན་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།