དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཅེས་སེམས་སྐྱེས་སུ་ཕུལ། རྒན་བཀུར་རྒན་གཅེས་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-07

    ཉེ་ཆར། རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་སྤང་མགར་ཐང་སྡེ་ཁུལ་གྱིས་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ“ཏང་ཡོན་ལས་བྱེད་པས་གཅེས་སེམས་སྐྱེས་སུ་ཕུལ། རྒན་བཀུར་རྒན་གཅེས་ཀྱི་བརྩེ་བ་ཟབ”ཅེས་པའི་བརྗོད་དོན་གཙོ་བོའི་གཅེས་སེམས་འཆང་བ་དང་རྒན་བཀུར་གྱི་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཏང་ཡོན་ལས་བྱེད་པ་དང་ཆེད་ལས་དྲ་མིག་པས་རང་འགུལ་ངང་རྒྱ་ཚ་རྫོང་རྒན་གསོ་ཁང་དུ་བསྐྱོད་དེ། བརྩེ་བ་ཟབ་མོས་རྒན་རྒོན་ཚོར་ཏན་ཞིམ་དང་བཏུང་བྱ་སོགས་སྒོར་1000ལྷག་ཙམ་རི་བའི་འཚོ་བའི་དངོས་ཟོག་ཞལ་འདེབས་ཕུལ་ནས་དྲོ་སྐྱིད་དང་གཅེས་སེམས་ཕུལ་བ་རེད།

    དེ་དང་ཆབས་ཅིག འཚམས་འདྲི་བྱེད་མཁན་གྱིས་ས་གནས་ས་ཐོག་ཏུ་རྒན་རྒོན་ཚོའི་ལག་ནས་བཟུང་སྟེ་བྱམས་བརྩེའི་ངང་སྤེལ་རེས་བྱས་ནས་ཁོང་ཚོའི་བཟའ་བཏུང་དང་ཞག་སྡོད་སོགས་ཀྱི་གནས་ཚུལ་སྐད་ཆ་དྲིས་པ་རེད། རྒན་རྒོན་ཚོའི་ངོ་གདོང་ལས་བདེ་སྐྱིད་ལྡན་པ་དང་སེམས་འགུལ་ཐེབས་པའི་འཛུམ་མདངས་མངོན་ཞིང་། འཚམས་འདྲི་བྱེད་མཁན་གྱིས་རོགས་རམ་དང་འཚམས་འདྲི་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    “གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་རྒན་རྒོན་ལ་གཅེས་སེམས་འཆང་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། གོམ་སྟབས་རྗེས་མར་ངས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། སྤྱི་ཕན་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་དང་དེའི་ནང་ཧུར་ཐག་ཞུགས་ཀྱི་ཡིན”ཞེས་སྤང་མགར་ཐང་སྡེ་ཁུལ་གྱི་ཏང་ཡོན་ཚེ་རིང་ལྷ་མོས་བཤད།

    སྤང་མགར་ཐང་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ཏང་ཡོན་དང་མང་ཚོགས་དབར་གྱི་འབྲེལ་ཐག་སྔར་བས་ཉེ་རུ་ཕྱིན་པ་དང་། སྡེ་ཁུལ་གྱིས་རྒན་རྒོན་ལ་གཅེས་སྐྱོང་དང་བརྩི་བཀུར་གང་ལེགས་བྱེད་པ་མངོན་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ནས་སྤང་མགར་ཐང་སྡེ་ཁུལ་གྱི་རྒན་བཀུར་དང་། རྒན་གཅེས། རྒན་རོགས་བཅས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།