དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྫ་ཡུལ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྲེང་ཏུའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ།

    གཞི་རིམ་དུ་སྨན་བཅོས་དང་སྨན་སྤྲོད་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-07

    འདི་ནི་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།

    ཉེ་ཆར། རྫ་ཡུལ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྲེང་ཏུའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། གཞི་རིམ་དུ་སྨན་བཅོས་དང་སྨན་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

    ཁྲེང་ཏུའུ་གྲོང་ཁྱེར་སྤྱི་པའི་ནད་ཐོག་སྨན་བཅོས་ལྟེ་གནས་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་། སི་ཁྲོན་ཞིང་ཆེན་རུས་ནད་སྡེ་ཁག་སྨན་ཁང་། ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་། ཁྲེང་ཏུའུ་ལུས་རྩལ་སློབ་གླིང་གི་ཞོར་གཏོགས་ལུས་རྩལ་སྨན་ཁང་སོགས་སྨན་ཁང་གི་རིགས་གཅིག་མཁས་ཅན་བྱེད་སྒོར་ཞུགས་ཡོད་པ་རེད།

    སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པའི་ཁོངས་མི་ཚོས་རྫ་ཡུལ་སྨད་གྲོང་རྡལ་གྱི་བཅའ་སྡོད་དཔུང་སྡེར་བསྐྱོད་དེ། དཔོན་དམག་70ལྷག་ཙམ་ལ་དམིགས་སའི་རང་བཞིན་ལྡན་པའི་འོས་འགན་སྨན་བཅོས་དང་བདེ་ཐང་དྲིལ་བསྒྲགས་སློབ་གསོ་སྤེལ་བ་དང་འབྲེལ་ས་གནས་ས་ཐོག་ཏུ་རྒྱ་ཆེའི་དཔོན་དམག་གི་བདེ་ཐང་བློ་འདྲིར་ལན་བཏབ་པ་རེད། རྫ་ཡུལ་རྫོང་མི་དམངས་སྨན་ཁང་གིས་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་སྨན་བཅོས་དང་སྨན་སྤྲོད་པའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས། ས་གནས་ས་ཐོག་ཏུ་བློ་འདྲི་དང་སྨན་བཅོས་བྱེད་པར་ཡོང་བའི་མང་ཚོགས་རྒྱུན་མི་ཆད་པ་དང་། ཁྱོན་མི་300ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།