རྫ་ཡུལ་གྱི་དངོས་ཟོག་ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་ལག་རྟགས་འགྲེམས་སྟོན་སྐབས་32པའི་ཐོག་བཏོན་པ།
ཉེ་ཆར། ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་ལག་རྟགས་འགྲེམས་སྟོན་སྐབས་32པ་དང་། བཟོ་རྩལ་ཐོན་རྫས། ཆུ་ཚོད་དང་ཁྱིམ་ཆས་དངོས་མང་སྟོན་ཚོཌ(གཤམ་དུ“ཧྲེན་ཀྲེན་རྒྱལ་སྤྱིའི་ལག་རྟཌ་འགྲེམས་ཚོཌ”ཞེས་བསྡུ་རྒྱུ)ཧྲེན་ཀྲེན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། རྫ་ཡུལ་རྫོང་ཚོང་དོན་ཅུས་ཀྱིས་ཉིང་ཁྲིའི་རྩེར་སོན་ཇ་ལོ་ཚད་ཡོད་འགན་འཁྲི་ཀུང་སི་དང་། བོད་ལྗོངས་ཉིང་ཁྲི་རྫ་ཡུལ་ཕ་བུ་སྐྱིད་ས་ཞིང་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་། བོད་ལྗོངས་ཉིང་ཁྲི་རྫ་ཡུལ་ཀོང་བོད་ཚོང་དོན་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་ཁེ་ལས་གསུམ་སྒྲིག་འཛུགས་ཀྱིས་འགྲེམས་སྟོན་ནང་ཞུགས་ཡོད།
རྫ་ཡུལ་རྫོང་གིས་རྫ་ཡུལ་གྱི་སྤྲེལ་ཁམ་དང་། ཇ་ལོ། བེ་ཤྭ་སོགས་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་པ་དང་འབྲེལ། ཁེ་ལས་གཉིས་དང་ཐོན་སྐྱེད་དང་ཕྱིར་ཚོང་གི་འབྲེལ་བ་བཙུགས་ཤིང་། འདོད་མོས་མངགས་ཐོ་བཞག་པར་སྒོར་ཁྲི་6.3ཟིན་ཡོད།
འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཀྱི་འགན་འཁུར་བས། འགྲེམས་སྟོན་ནང་ཞུགས་ནས་རྟོག་ཞིབ་བྱེད་རིང་ང་ཚོའི་མཐོང་རྒྱ་ཆེར་སྐྱེད་དང་། ལས་སྒོ་གསར་པ་རྒྱ་སྐྱེད། འབྲེལ་བ་གསར་པ་བཙུགས་པ། ལས་རིགས་ཀྱི་འཕེལ་ཕྱོགས་གསར་ཤོས་ཤེས་རྟོགས་བཅས་ཐུབ་བྱུང་། འགྲེམས་སྟོན་ཚར་རྗེས། ང་ཚོས་འཛད་སྤྱོད་པའི་དགོས་མཁོ་སྔར་བས་ཤེས་རྟོགས་ཀྱིས་རྫ་ཡུལ་རྫོང་གི་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་ཟོག་རྫ་ཡུལ་ནས་རྒྱལ་ཡོངས་སུ་བསྐྱོད་པར་བྱ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།