དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྫ་ཡུལ་རྫོང་གིས་གཞུང་ཞབས་པའི་བྱས་རྗེས་རིམ་པ་གསུམ་པ་ཐོབ་མཁན་ལ་བྱ་དགའ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-07

    ཉེ་ཆར། རྫ་ཡུལ་རྫོང་གིས་གཞུང་ཞབས་པའི་བྱས་རྗེས་རིམ་པ་གསུམ་པར་བྱ་དགའ་སྤྲོད་པའི་མཛད་སྒོ་ཐོག་མ་སྤེལ་བ་རེད།

    རྫ་ཡུལ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ལོ་གསུམ་བསྟུད་མར་དཔྱད་ཞིབ་འབྲས་བུ་ཕུལ་བྱུང་ལོན་པའི་གཞུང་ཞབས་པར་བྱས་རྗེས་རིམ་པ་གསུམ་པའི་གཟི་བརྗིད་མཚན་སྙན་དང་གཟེངས་རྟགས་སྤྲད་ཅིང་། ཕུལ་བྱུང་གཞུང་ཞབས་པ་བཞི་ཡིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོ་དང་། གྲོང་གསེབ་དར་རྒྱས་ཀྱི་གཡུལ་ས་གཙོ་བོ། མང་ཚོགས་ལ་ལས་དོན་སྒྲུབ་པའི་འཐབ་ས་དང་པོ། འཕྲལ་མཁོ་དང་དཀའ་ངལ་གྱི་ལས་དོན་སྒྲུབ་པའི་འཐབ་ས་མདུན་མ་བཅས་ལ་སོ་སོར་ལྷག་བསམ་རྣམ་དག་གིས་ལས་འགན་སྒྲུབ་པ་དང་བྱས་རྗེས་ཧུར་ཐག་བཞག་སྟེ། རྫ་ཡུལ་རྫོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་སྔོན་བསྟར་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།

    བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་མཁན་གྱི་གཞུང་ཞབས་པ་ཚོས། དཀའ་སྤྱད་སྦྱོང་བརྡར་གྱིས་འཇོན་ཐང་ཆེ་རུ་བཏང་སྟེ་སློབ་སྦྱོང་གི་གྲུབ་འབྲས་ལས་ཀའི་ལག་ལེན་ཁྲོད་སྤྱོད་པ་དང་། དོན་དངོས་འཚོལ་ཞིབ་ཁྲོད་རྒྱུན་ཆད་མེད་པར་ལས་ཀའི་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ཏེ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་བྱས་ཏེ། སྤྱོད་ཚུལ་བཟང་པོ་རྫ་ཡུལ་རྫོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།