དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དེང་རབས་ཅན་གྱི་ལམ་བུའི་ཐོག་ཕན་ཚུན་ལྟ་སྐྱོང་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅི་ཧྲུའུ་མིན།   |     སྤེལ་དུས།  2024-06-07

    ཀྲུང་གོ་དང་ཐ་ཇིག་སི་ཐན་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་བཟང་པོ་དང་། ལྷག་བསམ་ཟོལ་མེད་དང་ཕན་ཚུན་ཡིད་ཆེས་ཀྱི་གྲོགས་པོ་བཟང་པོ། མཉམ་ལས་གཉིས་ཁེའི་རོགས་ཟླ་བཟང་པོ། ཕན་ཚུན་རོགས་སྐྱོར་གྱི་སྤུན་ཟླ་བཟང་པོ་བཅས་ཡིན། ཀྲུང་ཐ་ཡིས་ལག་གདང་སྦྲེལ་ནས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཀྲུང་ཐའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30ལྷག་ཙམ་སོང་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཛའ་གྲོགས་ནས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དང་། དེ་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་བར་མཆོང་སྐྱོད་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཐའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཏེ་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་ཁྱིམ་མཚེས་མཛའ་གྲོགས་དང་ལྷག་བསམ་ཟོལ་མེད་ཀྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ཡོད། 2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་ཐ་ཇིག་སི་ཐན་དུ་ཕེབས་ནས་ཨེ་ཤེ་ཡའི་ཕན་ཚུན་མཉམ་ལས་དང་ཡིད་ཆེས་བྱེད་ཐབས་ཚོགས་འདུའི་དབུ་ཚོགས་ཐེངས་ལྔ་པར་ཞུགས་པ་དང་འབྲེལ། ཐ་ཇིག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དུས་དང་རྣམ་པ་ཀུན་ཏུ་མཛའ་གྲོགས་འཕེལ་རྒྱས་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་གཞོལ་བ་དང་འབྲེལ། ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་བདེ་འཇགས་གཅིག་མཐུན་ཚོགས་པ་རིམ་བཞིན་འཛུགས་རྒྱུར་གཞོལ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད། 2023ལོར་ཙུང་ཐུང་ལཱ་ཧོ་མོང་ཀྲུང་གོར་འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་དང་། སྐྱིད་སྡུག་མཉམ་མྱོང་། གཉིས་ཕན་གཉིས་ཁེ་བཅས་ཀྱི་ཀྲུང་ཐའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཐ་ཇིག་སི་ཐན་ཡང་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཀྲུང་གོས་ཐ་ཇིག་སི་ཐན་དང་དེང་རབས་ཅན་གྱི་ལམ་བུའི་ཐོག་ཕན་ཚུན་ལྟ་སྐྱོང་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་གཏོད་རྒྱུ་དང་། ས་ཁུལ་དེ་རང་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད།

    (རྩོམ་པ་པོ་ནི་ཐ་ཇིག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།