ཀྲུང་གོ(ཤིས་ཨན)—ཧང་ག་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ཚོགས་འདུ་པུ་ཏ་ཕེ་སིར་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་ཀྲུང་གོ(ཤིས་ཨན)—ཧང་ག་རིའི་དཔལ་འབྱོར་ཚོང་དོན་མཉམ་ལས་སྤེལ་རེས་ཚོགས་འདུ་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་འཚོགས་པ་རེད།
ཧང་ག་རིའི་སོར་ནུའོ་ཁེ་ཀྲོའུ་ཡི་ཀྲོའུ་ཀྲང་ཧུའུ་པའོ་དབྱི·དབྱི་མུའུ་ལེ་ཡིས་བྱེད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས་ཀྲོའུ་དེས་ཧང་ག་རིའི“ཤར་ཕྱོགས་སུ་སྒོ་དབྱེའི”འཐབ་ཇུས་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་འབྲེལ་མཐུད་ཧུར་ཐག་བྱས་ཏེ། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་གྱི་དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། སོར་ནུའོ་ཁེ་ཀྲོའུ་སྲིད་གཞུང་གིས་ཀྲུང་གོ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་མུ་མཐུད་རྒྱ་ཆེར་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ཁེ་ལས་དེ་བས་མང་བས་སོར་ནུའོ་ཁེ་ཀྲོའུ་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་དགའ་བསུའང་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ད་ཐེངས་ཀྱི་སྤེལ་རེས་ཚོགས་འདུ་གཙོ་གཉེར་བྱེད་མཁན་ཤིས་ཨན་གྲོང་ཁྱེར་སྲིད་གཞུང་གིས་བྱེད་སྒོའི་ཐོག་ཤིས་ཨན་གྱི་གློག་རྡུལ་ཆ་འཕྲིན་དང་། རླངས་འཁོར། མཁའ་འགྲུལ་མཁའ་སྐྱོད། རྩེར་སོན་སྒྲིག་ཆས། རྒྱུ་ཆ་གསར་པ་དང་ནུས་རྒྱུ་གསར་པ། བཟའ་བཅའ་དང་སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གོ་སྐབས་འོས་སྦྱོར་ངོ་སྤྲོད་བྱས་པ་རེད།