ཞི་ཅིན་ཕིང་གིས་འཁྱགས་གླིང་གི་ཙུང་ཐུང་ལ་བདམས་པའི་ཐུའོ་མཱ་སི་ཏུའོ་ཏིར་རྟེན་འབྲེལ་གློག་འཕྲིན་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧཱ་ཏེ་ལཱ·ཐུའོ་མཱ་སི་ཏུའོ་ཏིར་གློག་འཕྲིན་བཏང་ནས། ཁོང་འཁྱགས་གླིང་གི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་འཁྱགས་གླིང་གི་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཅིང་། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་མ་འཇོག་དང་། ས་འོག་ཚ་ནུས་དང་ཁོར་ཡུག་སྲུང་སྐྱོང་། རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། ངས་ཀྲུང་གོ་དང་འཁྱགས་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ལ་བདམས་པའི་ཐུའོ་མཱ་སི་ཏུའོ་ཏི་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་སྟེ་ཀྲུང་གོ་དང་འཁྱགས་གླིང་གི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།