དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཕྱོགས་བསྡུས་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-06-05

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་གྱིས་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་དང་། གསན་མིན་གྱི་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཉམས་མྱོང་སློབ་སྦྱོང་དང་ཁྱབ་གདལ། སྨན་བཅོས་འགན་བཅོལ་དང་། སྨན་བཅོས། གསོ་རིག་སྨན་རྫས་བཅས་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད། སྨན་བཅོས་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་པོས་བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

    ད་ལོ་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་སྐུལ་འདེད་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དོ་སྙོམས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་རིམ་གྱི་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་རེད། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་དང་། ཀྲུང་ལུགས་གསོ་རིག་ས་ཁོངས་སྨན་བཅོས་ལྟེ་གནས། ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་སྟེ་དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་། སྨན་བཅོས་གཅིག་མཐུན་ཚོགས་པའི་ནང་གི་སྲིད་འཛིན་དང་། མི་དོན། ནོར་དོན། ལས་སྒོ། སྨན་སྤྱོད། ཆ་འཕྲིན་སོགས་གཅིག་གྱུར་དོ་དམ་ལམ་སྲོལ་དོན་འཁྱོལ། རོགས་སྐྱོར་སྟོབས་ཤུགས་དང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། ཞིང་ཆེན་དང་། གྲོང་ཁྱེར་དང་ཀྲོའུ། རྫོང་རིམ་པ་བཅས་ཀྱི་གཞུང་བཙུགས་སྨན་ཁང་གི་ནད་ཐོག་ཆེད་ཚན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད། ཤང་གྲོང་སྨན་བཅོས་འཕྲོད་བསྟེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་གྲྭ་ཆེ་མོ་བའི་ཤང་གྲོང་སྨན་པའི་ཆེད་དོན་འཆར་གཞི་སྤྱི་འདོམས་ལག་བསྟར་བཅས་བྱས་ནས་རིམ་ཁག་སྨན་བཅོས་ལས་ཁུངས་ཀྱི་སྒྲིག་ཁོངས་ནང་གི་ལས་བསྡུ་དང་། སློབ་གྲྭ་ནས་ཤེས་ལྡན་པ་ནང་འདྲེན། ཀྲོའུ་ནས་གདན་ཞུ་དང་རྫོང་དུ་སྤྱོད་པ་བཅས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་རྒྱུ་རེད།

    གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་ཨུད་ཀྱི་འགོ་ཁྲིད་འོག་གི་ཡོན་ཀྲང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ། གཞུང་བཙུགས་སྨན་ཁང་གི་ལས་རྗེས་དཔྱད་ཞིབ་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཞིང་ཆེན་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་དང་མ་བུ་བདེ་སྲུང་ལས་ཁུངས་ཀྱི་སྤུས་ཚད་མཐོར་གཏོང་གི་འགག་སྒྲོལ་ལོའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། རིམ་ཁག་གཞུང་བཙུགས་སྨན་ཁང་དང་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་བྱས་འབྲས་གླ་ཆའི་བསྡོམས་འབོར་ཚན་རིག་དང་མཐུན་པའི་ངང་ཞིབ་བཤེར་གཏན་འབེབས་ལུགས་མཐུན་བྱེད་པ། བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྨན་དོན་མི་སྣའི་ཧུར་སེམས་ཆེ་རུ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་དར་རྒྱས་གོང་འཕེལ་གྱི་འདུ་འགོད་གལ་ཆེན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལག་ལེན་ཡག་པོ་བསྟར་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་ལེགས་ཆའི་ཆེད་ཚན་དང་ཞིང་ཆེན་དང་རྫོང་གིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་མཉམ་སྐྲུན་གྱི་ཁྱད་ལྡན་ཆེད་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

    དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་DRG/DIPནས་དངོས་སུ་སྨན་རིན་སྤྲོད་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པའི་ནང་གི་སྨན་བཅོས་འགན་བཅོལ་བསྡོམས་འབོར་གྱི་སྨན་རིན་སྤྲོད་པའི་ཚོད་ལྟ་སྤྱི་འདོམས་ལག་བསྟར་ཡག་པོ་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་སྨན་རྫས་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཀྱིས་གྲངས་བཅད་ཉོ་སྒྲུབ་བྱེད་པ། སྨན་བཅོས་ཞབས་ཞུའི་རིན་གོང་གི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་དོན་འཁྱོལ་བྱེད་པ། སྨན་དོན་པའི་ལག་རྩལ་དང་ངལ་ནུས་ཀྱི་རིན་ཐང་མཚོན་པའི་ནད་བརྟག་སྨན་བཅོས་དང་། ནད་གཡོག གཤགས་བཅོས། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་ཞབས་ཞུ་སོགས་རྣམ་གྲངས་ཀྱི་རིན་གོང་ལུགས་མཐུན་ངང་མཐོ་རུ་གཏོང་རྒྱུ་རེད།

    རིམས་ནད་ཚོད་འཛིན་སྒྱུར་བཅོས་ལ་སྐུལ་འདེད་གང་མགྱོགས་བཏང་ནས་རིམ་ཁག་རིམས་ནད་ཚོད་འཛིན་ལས་ཁུངས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་ཀྲོའུ་དང་རྫོང་རིམ་པའི་རིམས་ནད་ཚོད་འཛིན་ལས་ཁུངས་དང་འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་བསྡུ་སྒྲིལ་བསྐྱར་འཛུགས་བྱེད་པ། རིམས་ནད་ཚོད་འཛིན་དང་སྨན་ཁང་དབར་གྱི་ནད་གཞི་ལྗིད་རིགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཐོན་ཁུངས་དེ་བས་མང་བ་རིམས་ནད་མ་ཐོན་གོང་གི་སྔོན་འགོག་དང་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བའི་ཐད་སྤྱོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།