ཞིང་ལས་དངུལ་ཁང་བོད་ལྗོངས་ཆབ་མདོ་ཡན་ལག་དངུལ་ཁང་གི་ལྗང་མདོག་ཡིད་རྟོན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བ།
ཉེ་བའི་ལོ་ཤས་རིང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཆབ་མདོ་ཡན་ལག་དངུལ་ཁང་གིས“ཐཱན་གཉིས”ཀྱི་དམིགས་ཚད་ལག་ལེན་ནན་ཏན་བསྟར་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཐོན་ཁུངས་ཀྱི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། 2024ལོའི་ཟླ་4པའི་ཟླ་མཇུག་བར། ཞིང་ལས་དངུལ་ཁང་བོད་ལྗོངས་ཆབ་མདོ་ཡན་ལག་དངུལ་ཁང་གི་ལྗང་མདོག་ཡིད་རྟོན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་ནས་སྒོར་དུང་ཕྱུར་102.06ཟིན་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། 2024ལོའི་ཟླ་དང་པོ་ནས་ཟླ་བཞི་པའི་བར། ཞིང་ལས་དངུལ་ཁང་བོད་ལྗོངས་ཆབ་མདོ་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་ཁོངས་གཏོགས་ཁུལ་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་རྣམ་གྲངས་ལ་ཡིད་རྟོན་དངུལ་བུན་གྱི་མ་དངུལ་སྒོར་དུང་ཕྱུར་15.6བཏང་བ་དང་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་གཞི་ཁྱོན་གྱིས་དངུལ་ཁང་དེའི་དངུལ་བུན་ཁག་གི་41.35%བཟུང་ཡོད་པ་རེད།