ཆུ་ཤུར་རྫོང་གིས་དམག་ཞབས་ཐིམ་པའི་དམག་མིའི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་ཆུ་ཤུར་རྫོང་གི་2024ལོའི་དཔྱིད་དུས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་སྤེལ་རེས་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་པ་རེད། ཆུ་ཤུར་རྫོང་གི་2024ལོའི་དཔྱིད་དུས་ཀྱི་དམག་ཞབས་ཐིམ་པའི་དམག་མི་དང་འབྲེལ་བ་ཡོད་པའི་ཤང་དང་གྲོང་རྡལ་གྱི་ལས་བགོས་འགན་གཉེར་འགོ་ཁྲིད་དང་། དེ་བཞིན་ཆུ་ཤུར་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་བྱེད་པ་ཡོངས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག ཆུ་ཤུར་རྫོང་གིས་2024ལོའི་དཔྱིད་དུས་ཀྱི་དམག་ཞབས་ཐིམ་པའི་དམག་མིར་ཁྱིམ་ཚང་གི་གཟིགས་སྐྱོང་དངུལ་དང་སྤྲོད་གཅིག་མའི་དཔལ་འབྱོར་ཁ་གསབ་སྤྲད་པ་རེད། དེ་རྗེས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་ལས་དོན་མི་སྣས་དམག་ཞབས་ཐིམ་པའི་དམག་མིར་གཟིགས་སྐྱོང་སྲིད་ཇུས་ཀྱི་འབྲེལ་ཡོད་གནད་དོན་ལ་ལན་བཏབ་པ་དང་འབྲེལ། ཚོགས་ཞུགས་མི་སྣ་སྒྲིག་འཛུགས་བྱས་ནས་སྤེལ་རེས་དང་གྲོས་བསྡུར་ཡང་བྱས་པ་རེད། དམག་ཞབས་ཐིམ་པའི་དམག་མི་རྣམས་ཀྱིས་དམག་ཁོངས་སུ་ཐེངས་གཉིས་པ་ཞུགས་པ་དང་། སྨན་བཅོས་འགན་བཅོལ། ཆེད་བསྐོས་མེ་ཟོན་པར་མིང་འགོད་རྒྱུགས་སྤྲོད། གཞུང་ལས་པའི་རྒྱུགས་ལ་ཞུགས་པ་སོགས་ཀྱི་ཐད་ནས་བློ་འདྲི་བྱས་པར་ཆུ་ཤུར་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་། རྫོང་སྨན་བཅོས་འགན་བཅོལ་ཅུས། ཤང་དང་གྲོང་རྡལ་ཁག་གི་འབྲེལ་ཡོད་ལས་དོན་མི་སྣས་རིམ་པ་བཞིན་ལན་བཏབ་པ་དང་སྦྲགས། འབྲེལ་ཡོད་རེ་ཞུ་ཟིན་ཐོ་ཞིབ་ཕྲ་བཀོད་ནས་སྔར་བས་རྗེས་སྙེག་ཞབས་འདེགས་ཞུ་བར་གྲ་སྒྲིག་ཡག་པོ་བྱས་པ་རེད།