དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་བྱ་བ་དངོས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་རྨང་གཞི་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-05

    མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གཏོད་ཆེད། ལྗོངས་ཏང་ཨུད་གཞུང་དོན་ཐིང་གིས《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བའི་སྒྲོག་འགྲེལ་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ཞིབ་ཕྲའི་བཀོད་སྒྲིག》བཟོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་གཞི་རིམ་དང་འཐབ་ས་དང་པོར་བསྐྱོད་དེ་སྒྲོག་འགྲེལ་ཐེངས་42བྱས་པར་མི་ཐེངས་ཁྲི་3ལྷག་ཙམ་ལ་ཁྱབ་ཡོད་པ་མ་ཟད། གཏམ་བཤད་འགྲན་བསྡུར་དང་ཤེས་བྱའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཀྱང་བྱས་ཡོད།

    དེ་དང་ཆབས་ཅིག“ས་མཐོའི་གསར་བརྗེའི་བཀའ་བསྒྲགས་དམག་མི”བློ་མཐུན་སྤེན་པའི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་སྣ་ཚོགས་ཐེངས་50ལྷག་ཙམ་བྱས་པ་རེད། གྲོང་ཚོའི(གྲོང་ལྷན)ལས་བྱེད་པས་རྒྱལ་ཁབ་ཀྱི་སྤྱི་སྐད་ཁོང་དུ་ཆུད་པའི་ལོ་གཉིས་ཀྱི་འགག་སྒྲོལ་བྱ་སྤྱོད་ཡག་པོ་སྤེལ་བར་གཞོགས་འདེགས་ཧུར་ཐག་བྱས་ནས་ཕན་ཚུན་སློབ་སྦྱོང་དང་རོགས་རམ་བྱེད་པའི་ཁྲོད་མི་རིགས་མཐུན་སྒྲིལ་ཇེ་ཟབ་ཏུ་བཏང་ཡོད།

    ལྗོངས་ཏང་ཨུད་གཞུང་དོན་ཐིང་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཕེ་ཧུང་ཆིན་གྱིས“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ་འཛུགས་གཏོད་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་སྐྱེད་གཏོང་བའི་ལས་དོན་སྔར་བཞིན་སྒྲུབ་མུས་ཡིན་པས། ང་ཚོས་སྤུན་ཟླའི་ཚན་པའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བྱེད་ཐབས་གསར་གཏོད། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་མཛེས་སྡུག་ལྡན་པ་བཞད་ཐུབ་པར་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།