དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ན་གཞོན་གྱི་དགོས་མཁོ་དང་བསྟུན་ཏེ་རང་འགུལ་ངང་གསར་གཏོད་བྱེད་པ།

    ཐེན་ཅིན་གྱི་གནའ་བོའི་རིག་གནས་ཁྲོམ་གཞུང་གི་ཉམས་འགྱུར་ཟབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲི་ཁྲུན་ལི། ཝུའུ་ཧྲའོ་མིན།   |     སྤེལ་དུས།  2024-06-04

    འདི་ལོའི་ཟླ་2ཚེས་1ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་གྱི་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་རྟོག་ཞིབ་གནང་སྐབས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཁ་འབྲལ་ཐབས་མེད་པ་དང་ཐེན་ཅིན་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཉམས་འགྱུར་ཟབ་པའི་གྲོང་ཁྱེར་ཞིག་ཡིན་པས་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་དེང་རབས་ཅན་གྱི་གྲོང་ཁྱེར་ཆེ་མོ་འཛུགས་སྐྲུན་བྱེད་རིང་དེ་ནས་བཀྲག་མདངས་རབ་ཏུ་འཚེར་བར་བྱེད་དགོས”ཞེས་གསུངས་པ་རེད།

    “སྔོན་ལ་གསུམ་མདོ་ཁ་ཡོད་པ་དང་དེ་རྗེས་ཐེན་ཅིན་ཝེ་ཆགས་ཡོད”གཙང་པོ་དང་ཆུ་བོས་འཁྱེར་ལ་ཉེ་བའི་སར་གནས་པའི་ཐེན་ཅིན་ལ་རྒྱུས་མངའ་ལོན་དགོས་ཚེ་གསུམ་མདོ་ཆུ་འགོར་གནས་པའི་གནའ་ཤུལ་གྱི་གནའ་བོའི་ཁྲོམ་གཞུང་ནས་འགོ་འཛུགས་དགོས།

    ཧྲི་ཙེ་ལིན་ཟམ་པ་སྒྲོལ་ནས་གཙང་ཆུ་འཕྲེད་བརྒལ་བྱས་ཚེ་གནའ་བོའི་ཁྲོམ་གཞུང་དུ་འབྱོར་གྱི་ཡོད། བ་གམ་ཅན་གྱི་ཁང་པ་དང་རྡོ་གཅལ་ལམ་བརྒྱུད་ཚེ་གང་སར་ཚོང་ཁང་གིས་ཁེངས་ནས་གོམ་སྟབས་ཀྱང་རང་བཞིན་ངང་འགོར་དུ་འགྲོ་སྲིད།

    རིང་ཚད་ལ་སྨི་600ལྷག་ཙམ་ཟིན་པའི་གནའ་བོའི་ཁྲོམ་གཞུང་དེ་ཐེན་ཅིན་གྲོང་ཁྱེར་གྱི་སྤྱི་ལེ་ངོས་གྲུ་ཁྲི་1.2ཙམ་གྱི་སར་ཆགས་པ་དང་དེ་ནི“མིག་གིས་མཐོང་ཐུབ་པའི་ཕ་ཡུལ་གྱི་འཕྲེང་སེམས”རེད། དེ་གར་ན་གཞོན་ཚོར་གྲགས་ཅན་ཚོང་རྟགས་མཐོང་རྒྱུ་ཡོད་ལ་བར་མཐོངས་གསར་པར་སྲོལ་རྒྱུན་གྱི་ལོ་གསར་རི་མོ་དང་མངོན་མིན་རིག་གནས་ཤུལ་བཞག་ཀྱང་མཐོང་རྒྱུ་ཡོད།

    ལོ་24ལ་སླེབས་པའི་ནན་ཁའེ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་ལོ་རིམ་དང་པོའི་སློབ་མ་ཝང་ཝུན་ཆོན་གྱིས་གཟའ་མཇུག་ཏུ་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་དང་བླངས་པར་འགྲོ་རྒྱུའི་མིང་ཐོ་བཀོད་པ་དང་ལོ་ངོ་200ཙམ་གྱི་ལོ་རྒྱུས་ལྡན་པའི་ཚོང་ཁང་རྙིང་པ་འཇིམ་མི་ཀྲང་དང་ལས་སྐལ་བྱུང་ཡོད།

    ཝང་ཝུན་ཆོན་དང་འཕྲད་སྐབས་ཁོང་འཇིམ་མི་ཀྲང་ཞེས་པའི་ཚོང་ཁང་གི་སྒེའུ་ཁུང་མདུན་དུ་ལངས་ཏེ་འཛད་སྤྱོད་པར་འཇིམ་བཟོས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་འདུག འཇིམ་མི་ཀྲང་ནི་ཐེན་ཅིན་གྱི་ཁྱད་ཆོས་ལྡན་པའི་འཇིམ་བརྐོས་སྒྱུ་རྩལ་ཞིག་རེད། བརྩམས་ཆོས་ཁྲོད་ཁུང་ཙིས་པང་དུ་གནའ་བོའི་རོལ་མོ་ཉར་ཏེ་རྡོ་སྟེང་དུ་བཞུགས་པའི་ཉམས་འགྱུར་སྒམ་བརླིང་ལྡན་པ་ཞིག་ཡོད། ཝང་ཝུན་ཆོན་གྱིས་བརྩམས་ཆོས་དེ་མཐོང་འཕྲལ་སེམས་ནང་གཡོ་འགུལ་ཆེན་པོ་ཐེབས་བྱུང་ལ“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ཁྲག་རྒྱུན་ཡིན་པ”ཚོར་བྱུང་ཞེས་བཤད།

    འཇིམ་མི་ཀྲང་གི་ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་པ་མི་རབས་དྲུག་པ་ཡིན་པའི་ཀྲང་ཡུས་ཀྱིས་ནན་ཁའེ་སློབ་ཆེན་དང་ཐེན་ཅིན་སློབ་ཆེན་དུ་འཇིམ་བརྐོས་ཀྱི་འདེམས་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་པར་སློབ་མ་ཚོའི་དགའ་བསུ་ཆེན་པོ་ཐོབ་སྟེ་སློབ་ཚན་འདེམས་སྐབས་ཀྱང་ཧབ་ཐོབ་རྒྱག་གི་ཡོད། ཀྲང་ཡུས་ཀྱིས“ན་གཞོན་ཚོས་སྲོལ་རྒྱུན་གྱི་རིག་གནས་མྱོང་རོལ་བྱེད་ཤེས་ཀྱི་ཡོད་སྟབས་ན་གཞོན་དེ་བས་མང་བ་དེའི་ནང་ཞུགས་སུ་འཇུག་དགོས”ཞེས་བཤད།

    “ལོ་ལྟར་ལྷག་མ་ཡོད་པ”ཞེས་པ་ནི་དབྱང་ལིའུ་ཆིང་གི་ལོ་གསར་རི་མོ་ལོ་ངོ་བརྒྱ་ལྷག་ཙམ་རྒྱུན་འཛིན་བྱས་པའི་པར་རིས་རྩེ་གྲ་ཞིག་ཡིན་པ་དང་ཐེངས་ཤིག་འགྲེམས་སྟོན་བྱེད་སྐབས་ལོ་20ཡང་ཟིན་མེད་པའི་ན་གཞོན་གསར་གཏོད་པ་ཚོས་བྲིས་ཡོད།

    དབྱང་ལིའུ་ཆིང་གི་གནའ་བོའི་རིག་གནས་ཁྲོམ་གཞུང་ཚོང་ཁང་གི་ཐོག་སོ་གཉིས་པར་སྐྱོད་སྐབས“ལོ་ལྟར་ལྷག་མ་ཡོད་པ”ཞེས་པའི་ཐེན་ཅིན་གྲོང་ཁྱེར་གྱི་སློབ་མའི་བརྗོད་དོན་གཙོ་བོའི་ལོ་གསར་རི་མོའི་བརྩམས་ཆོས་འགྲེམས་སྟོན་ཧ་ཅང་མངོན་གསལ་དོད་པ་དང་གསར་གཏོད་པ་གཙོ་བོའི་ལོ་ན་ཆེ་ཤོས་ལོ་19དང་ཆུང་ཤོས་ལོ་6ཙམ་རེད། བརྩམས་ཆོས་ལ་ཞིབ་ཕྲ་ལྟ་སྐབས་གསེར་ཉ་པང་དུ་བཏབ་པའི་བྱིས་པ་རྒྱགས་རིལ་གྱི་རི་མོ་དེ“ཐེན་ཅིན་གྱི་འདྲེན་བྱེད”དམ་ཡང་ན་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཏོན་ནས་སྲོལ་རྒྱུན་གྱི་ཉམས་འགྱུར་མི་ཉམས་པ་དང་དུས་རབས་ཀྱི་ཉམས་འགྱུར་ཡང་ཧ་ཅང་ཟབ་པོ་ཡོད།

    པར་རིས་ཚོང་ཁང་དུ་སྨི་12ཟིན་པའི་ཤོག་དྲིལ་རི་མོ《གཙང་ཆུའི་མཛེས་རིས》ཞེས་པ་ལོ་གསར་རི་མོའི་སྨྱུག་རིས་ཐོག་ནས་གྲོང་ཁྱེར་གྱི་ས་ཁམས་མཚོན་རྟགས་གསར་པ་མཚོན་པ་དང་ལྟེབ་ཤོག་རིས་དེབ་བཟོས་ཏེ་བྲིན་ཁ་རྒྱུག་པའི་ཐེན་ཅིན་གྱི་ལག་རྟགས་སུ་གྱུར། ཐེན་ཅིན་གྱི་དབྱང་ལིའུ་ཆིང་རི་མོ་ཁང་གི་ཧྲེ་ཀྲང་ལིའུ་གཡོད་ཀྱིས“ལོ་གསར་གཏོང་སྐབས་ཀྱི་རི་མོ་ནས་ལོ་གཅིག་རིང་འགེལ་ཆོག་པའི་རི་མོའི་བར་ང་ཚོས་སྔ་བར་ཕྱི་གསུམ་དུ་གསར་གཏོད་བྱེད་བཞིན་ཡོད”ཅེས་བཤད།

    ལའོ་མེ་ཧྭ་གནའ་བོའི་རིག་གནས་ཁྲོམ་གཞུང་གི་ཚོང་ཁང་དུ་མངོན་མིན་རིག་གནས་ཤུལ་བཞག་གི་ཚ་རླབས་འཕྱུར་བ་དང་ཚོང་ཁང་དུ་ཡོང་མཁན་མི་ཉུང་བ་ཞིག་ནི་ན་གཞོན་ཡིན་ལ་བྲིན་ཁ་རྒྱུག་ཤོས་ནི་སྲོལ་རྒྱུན་གྱི་རས་ལྷམ་རེད།

    ལའོ་མེ་ཧྭ་ཇུས་འགོད་པ་ལི་ཧུའུ་ཡིས“ང་ཚོའི་ལག་ཤེས་ལྷམ་བཟོའི་སྒྱུ་རྩལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་ན་གཞོན་ཚོས་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་བྱེད་ཚད་ཇེ་ཆེར་འགྲོ་གི་འདུག རྟག་ཏུ་ན་གཞོན་ཚོས་རྒན་རྒོན་ལ་རས་ལྷམ་ཉོ་བར་ཡོང་སྐབས་འདེམས་སྒྲུག་རྒྱག་གིན་བརྙན་ལམ་སྦྲེལ་མཐུད་བྱེད་ཀྱི་འདུག ང་ཚོར་ཡང་དར་བཟོ་ཆེ་བའི་བཟོ་ལྟ་གསར་པ་ཡོད་པས་འཁྱུག་དབྱིངས་ནང་བྲིན་ཁ་རྒྱུག་པ་དང་ཧ་ལམ་ཉོ་མཁན་དང་གྱོན་མཁན་ན་གཞོན་རེད་འདུག”ཅེས་བཤད།

    སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱས་ཤིང་། དུས་རབས་གསར་པའི་ཐེན་ཅིན་གྱི་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་དུས་སྐབས་གཅིག་མཚུངས་ཀྱི་སྣོད་ཆས་ལས་སྲོལ་རྒྱུན་གྱི་ཁྱད་ཆོས་དང་ཉམས་འགྱུར་མངོན་བཞིན་ཡོད་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་པར་རིས་གསར་རྐྱང་ཡང་ཐོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།