དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བའི་ལྷ་མོ་ཨང་དྲུག་པ་ཟླ་བའི་གོ་ལའི་རྒྱབ་ངོས་སུ་བདེ་བླག་ངང་བབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-04

    འདི་ནི་ཟླ་6ཚེས་2ཉིན། པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱི་འཆར་ཤེལ་ནས་པར་བརྒྱབ་པའི་ཟླ་བའི་ལྷ་མོ་ཨང་དྲུག་པའི་བབས་ཆས་དང་འདེགས་ཆས་ཀྱི་སྡེབ་སྒྲིག་ཕུང་གྲུབ་ཟླ་བའི་གོ་ལའི་རྒྱབ་ངོས་སུ་བབས་པའི་རྣམ་པ་ཡིན་པ།

    གསར་འགོད་པར་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་2ཉིན་གྱི་ཆུ་ཚོད་6དང་སྐར་མ་23ལ། ཆུའེ་ཆའོ་ཨང་གཉིས་པའི་བར་མཐུད་སྲུང་སྐར་གྱི་རྒྱབ་སྐྱོར་འོག ཟླ་བའི་ལྷ་མོ་ཨང་དྲུག་པའི་བབས་ཆས་དང་འདེགས་ཆས་ཀྱི་སྡེབ་སྒྲིག་ཕུང་གྲུབ་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་ལྷོ་སྣེའི་ཨའེ་ཐེ་ཁེན་གཤོངས་སའི་སྔོན་འདེམས་བབས་ཁུལ་དུ་བདེ་བླག་ངང་བབས་ཤིང་། དེ་ཐོག་ནས་མིའི་རིགས་ཀྱི་འཚོལ་ཞིབ་ཡོ་བྱད་ཀྱིས་ཟླ་བའི་གོ་ལའི་རྒྱབ་ངོས་སུ་དངོས་དཔེ་འཚོལ་བསྡུའི་ལས་འགན་ཐོག་མར་སྒྲུབ་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།