དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་མའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་འབྲེལ་རོལ་དབྱངས་འདུ་ཚོགས་ཅི་ལུང་ཕོར་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-04

    ཀྲུང་གོ་དང་མ་ལེ་ཞི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་མཉམ་འབྲེལ་རོལ་དབྱངས་འདུ་ཚོགས་ཉེ་ཆར་མ་ལེ་ཞི་ཡའི་རྒྱལ་ས་ཅི་ལུང་ཕོར་གཉེར་བ་རེད། མ་ལེ་ཞི་ཡའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་དེ་བཞིན་མ་ལེ་ཞི་ཡར་ཡོད་པའི་ཕྱིར་སྡོད་རང་མི་དང་། ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི་སོགས་མི་500ལྷག་ཙམ་འདུ་ཚོགས་ལ་ཞུགས་ཡོད་པ་རེད།

    རོལ་དབྱངས་འདུ་ཚོགས་ཐོག་ཀྲུང་མ་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་མཁས་ཅན་གྱིས་སྤྲོ་སེམས་ཆེན་པོ་དང་། སེམས་མཐུན་མཉམ་ལས། བྱང་ཆུབ་པའི་འཁྲབ་རྩལ་བཅས་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཏེ་ལྟད་མོ་བ་ཚོར་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པར་ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།