དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཤེས་དཔལ་ལག་ལེན་སློབ་གསོའི་རྟེན་གཞི་གཉིས་ཀྱི་འཆར་འགོད་ཇུས་གཞིར》ཞིབ་དཔྱད་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-04

    མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ཅུས་དེས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དང་། རིག་གནས་ཡུལ་སྐོར། རང་བྱུང་སློབ་གསོ། སྤྱི་ཚོགས་དཔལ་འབྱོར་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཤེས་དཔལ་ལག་ལེན་སློབ་གསོའི་རྟེན་གཞི་གཉིས་ཀྱི་འཆར་འགོད་ཇུས་གཞིར》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)ཞིབ་དཔྱད་བྱས་པ་རེད།

    རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་ཚོགས་ཆུང་གིས་སྒྲིག་ཁོངས་ཚན་པའི་སྙན་སེང་ཉན་པ་དང་རྩད་འདྲི་དང་གྲོས་བསྡུར་སོགས་ཀྱི་ལྷུ་ཚིགས་བརྒྱུད《ཇུས་གཞིའི》ངེས་གནས་ཁ་གསལ་བ་དང་ནང་དོན་ཆ་ཚང་པོ་ཡོད་པས། མཚོ་སྔོན་པོའི་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཁར། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་ཡོང་གཞི་རྙེད་དེ་མཚོ་སྔོན་པོའི་སྐྱེ་ཁམས་དང་། ཚན་རྩལ། གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་བསམ་ཕྱོགས་གསར་པ་འཚོལ་ཞིབ་ཧུར་ཐག་ཐུབ་པའི་ངོས་འཛིན་བྱས་པ་དང་། 《ཇུས་གཞིར》ཞིབ་དཔྱད་ཆོག་འཐུས་ཀྱི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།