ཉིང་ཁྲིས་དབྱར་རྩྭ་དགུན་འབུ་འཐུ་སར“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་བ།

གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱི་རིག་གནས་ཚན་རྩལ་དང་འཕྲོད་བསྟེན་གྱི“གཤམ་སྤེལ་གསུམ”གྱི་བྱེད་སྒོ་ཀོང་པོ་རྒྱ་མདའ་རྫོང་གྲོང་གསར་ཤང་དཔའ་ནང་གྲོང་ཚོའི་དབྱར་རྩྭ་དགུན་འབུ་འཐུ་སར་སྤེལ་ནས། གྲོང་གསར་ཤང་གི་ཞིང་འབྲོག་མང་ཚོགས་500ལྷག་ཙམ་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་རིན་མེད་སྨན་བཅོས་ཞབས་ཞུ་བསྒྲུབས་ཡོད་ཅིང་། འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་འཁྲབ་སྟོན་ལ་ལྟ་བཞིན་པ།