དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་འགག་སྒོ་ལས་ཁུངས་དང་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-04

    ཉེ་དུས་ལྷ་ས་འགག་སྒོ་ལས་ཁུངས་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་དེ། ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་སྔར་བས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་ཡོད་པ་རེད།

    ད་ཐེངས་མིང་རྟགས་བཀོད་པའི་མཉམ་ལས་བརྗེད་ཐོ་ནི་ལྷ་ས་འགག་སྒོ་ལས་ཁུངས་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས“ནུས་ཆེའི་ངང་བྱ་བ་གཅིག་སྒྲུབ་རྒྱུ”དམ་འཛིན་བྱ་གཞིར་བྱས་ནས། འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། མཐུན་སྦྱོར་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། གྲངས་གཞི་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཐད་སྤེལ་བའི་ཕྱོགས་མང་བ་དང་ཁྱབ་ཁོངས་ཧྲིལ་པོའི་སྤེལ་རེས་མཉམ་ལས་ཤིག་ཡིན་པ་དེས། བོད་ཀྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁེ་ལས་ལ་ཁྲོམ་ར་རྒྱ་ཆེར་གཏོང་རོགས་བྱེད་པ་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།