དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཚན་ཞིབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-03

    ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོའི་ཀྲེན་ནཱ་སློབ་ཆེན་དུ་ཡོད་པའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་གྲོའི་ཆ་རྡུལ་སོན་གསོའི་རྒྱལ་སྤྱིའི་མཉམ་ལས་ཚོད་ལྟ་ཁང་དུ་ཀྲུང་གོའི་ལག་རྩལ་གསར་པ་ཕ་ཁི་སི་ཐན་ལ་ནང་འདྲེན་བྱས་པ་དང་ཆབས་ཅིག་ཤེས་ལྡན་མི་སྣའི་སྤེལ་རེས་དང་གསོ་སྐྱོང་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཞིང་། འདི་ནི་སློབ་གྲྭ་ཆེན་མོ་བས་མཉམ་འབྲེལ་ཚོད་ལྟ་ཁང་དུ་ཚོད་ལྟའི་གྲ་སྒྲིག་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐང་པིན་ཧུའེ་ཡིས་པར་བླངས།

    2023ལོའི་ཟླ་8པར། ཐེ་ལན་གྱི་པང་ཁོག་ཏུ་གཉེར་བའི་ཐེ་ལན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་འགྲེམས་སྟོན་ཐོག ཀྲུང་གོ་ཚན་རིག་ཁང་པང་ཁོག་གསར་གཏོད་མཉམ་ལས་ལྟེ་གནས་ཀྱིས་སྣེ་ཁྲིད་པའི་ཀྲུང་གོའི་ཁེ་ལས་དང་སྒྲིག་གཞི་30ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཤིང་། འདི་ནི་ལྟ་སྐོར་བས་ཀྲུང་གོའི་འགྲེམས་ཁང་དུ་རྟོག་བཟོའི་སྤེལ་རེས་མ་ལག་སྤྱད་ནས་ཉམས་ལེན་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཝང་ཐེང་གིས་པར་བླངས།

    ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་རུ་ཀྲུང་གོ་ཚན་རིག་ཁང་ཤིན་ཅང་སྐྱེ་ཁམས་དང་ས་ཁམས་ཞིབ་འཇུག་ཁང་གིས་ཧ་སག་སི་ཐན་སའེ་ཧྥུའུ་ལིན་ཞིང་ལས་ལག་རྩལ་སློབ་ཆེན་སོགས་ཀྱི་སྒྲིག་གཞི་དང་མཉམ་ལས་བྱས་ནས་སྤྱི་ཆིང་23ཟིན་པའི་སྔོ་འགྱུར་དཔེ་སྟོན་ཁུལ་བསྐྲུན་ཞིང་། འདི་ནི་ཨ་སི་ཐ་ནའི་སྡོང་ཕྲུག་ར་བ་ཞིག་ཡིན་པ།

    ཀྲེ་རི་ཡའི་ཁཱ་ནོ་ཀྲོའུ་རུ་ཀྲུང་གོ་ཚན་རིག་ཁང་ཤིན་ཅང་སྐྱེ་ཁམས་དང་ས་ཁམས་ཞིབ་འཇུག་ཁང་གི་ནི་ཀྲེ་རི་ཡའི་ཨ་ཧྥེ་རི་ཁ་ཐང་རྒོད་ཅན་ཚོད་འཛིན་གྲོས་འགོའི་རྩ་འཛུགས་ཀྱིས་བྱེ་བཅོས་རྣམ་གྲངས་མཉམ་ལས་སྤེལ་ཞིང་། འདི་ནི་ས་གནས་དེ་གའི་ལས་དོན་པས་རྣམ་གྲངས་དོ་དམ་དང་སྲུང་སྐྱོང་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀུའོ་ཅུན་གྱིས་པར་བླངས།

     འདི་ནི་ཁེན་ནི་ཡའི་ཆའོ་མོ·ཁེན་ཡ་ཐ་ཞིང་ལས་ལག་རྩལ་སློབ་ཆེན་དུ་ཡོད་པའི་ཀྲུང་གོ་ཚན་རིག་ཁང་གི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་ཕྱིའི་རྣམ་པ་ཡིན་པ། ཡུས་ཆོན་གྱིས་པར་བླངས།

    ཚན་རྩལ་གསར་གཏོད་ནི་མིའི་རིགས་ཀྱིས་མཉམ་དུ་ཉེན་ཁའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། མིག་སྔར། ཚན་རྩལ་གསར་གཏོད་ཀྱི་ཁྱབ་རྒྱ་དང་། ཟབ་ཚད། མྱུར་ཚད། གནད་ལ་འཁེལ་ཚད་བཅས་སྔར་བྱུང་མྱོང་མེད་ལ། ཚན་རིག་ཞིབ་འཇུག་གི་རྙོག་འཛིང་རང་བཞིན་དང་། བརྒྱུད་རིམ་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་རྒྱལ་སྤྱིའི་མཉམ་ལས་དེ་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི“གདམ་བྱ་ངེས་ཅན”ཞིག་ཏུ་གྱུར་ཡོད། ཀྲུང་གོས་ཚན་རྩལ་གསར་གཏོད་བྱེད་མགྱོགས་སུ་བཏང་བ་དེས་རང་རྒྱལ་གྱི་འཕེལ་རྒྱས་ལ་སྒུལ་ནུས་རྒྱུན་ཆད་མེད་པར་སྦྱིན་པ་ཙམ་མིན་པར་ད་དུང་ཕྱི་རྒྱལ་གྱི་ཚན་སློབ་མཉམ་ལས་ལྟེ་གནས་བསྐྲུན་པ་བརྒྱུད་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་ཚན་ཞིབ་རྣམ་གྲངས་གལ་ཆེན་ལག་བསྟར་དང་། མཉམ་ལས་བྱས་ནས་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཡོད།

    “སའི་གོ་ལར་ཚན་རིག་ཞིབ་འཇུག་བྱ་ཡུལ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་དེ་ཡིན་པ་དང་། དེའི་ལས་འགན་གལ་འགངས་ཆེ་ཤོས་ནི་མི་རྣམས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཡོང་བར་བྱ་ཆེད་ཡིན”ཞེས་ཀྲུང་གོ་ཚན་རིག་ཁང་ཕྱི་རྒྱལ་གྱི་ཡོན་ཧྲི་དང་ཕ་ཁི་སི་ཐན་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་ཁཱ་ཤིས་མུའུ·ཅན་གྱིས་བཤད་པ་དང་། ཁོང་གིས་སའི་གོ་ལར་ཚན་རིག་ཞིབ་འཇུག་བྱ་བ་ཕྱི་ཚུལ་ནས་བལྟས་ཚེ་ཧ་ཅང་ཐག་རིང་བར་མཐོང་ཡང་། དོན་དུ་ང་ཚོ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད། “དཔེར་ན་འཁྱགས་རོམ་དང་། གངས་གསོག ཆུ་དཔྱད། ཆར་པ་འབབ་པ་སོགས་ཀྱི་གྲངས་གཞིར་དབྱེ་ཞིབ་བྱས་པ་བརྒྱུད་ཀྲུང་གོ་དང་ཕ་ཁི་སི་ཐན་ཞིབ་འཇུག་ལྟེ་གནས་ཀྱིས་ཕ་ཁི་སི་ཐན་ཆུ་བེད་སྡེ་ཚན་ལ་ཆུ་རགས་ཀྱི་ཆུ་ཁ་མཐོ་དམན་ཚོད་འཛིན་དང་། འབྲུབ་ཆུ་གཤོང་ཡུར་གྱི་ཆུ་སྒོ་ཕྱེ་བ། ཆུ་ལོག་བྱུང་ཁུལ་གྱི་མི་སྣ་ཁ་འགྲེམས་སོགས་ཀྱི་ཐབས་ཇུས་ལ་ཚན་རིག་གི་འདེགས་སྐྱོར་མཁོ་འདོན་བྱེད་པ་ལྟ་བུ་ཡིན”ཞེས་བཤད།

    ཀྲུང་གོ་དང་ཕ་ཁི་སི་ཐན་ཞིབ་འཇུག་ལྟེ་གནས་དེ་2019ལོར་གྲབས་འཛུགས་བྱས་པ་དང་། 2023ལོའི་ཟླ་བཅུ་པར་དངོས་སུ་སྒོ་བྱང་བཀལ་ཞིང་། དེས་ཀྲུང་གོ་དང་ཕ་ཁི་སི་ཐན་གཉིས་ཀྱི་དཔལ་འབྱོར་བར་ཁྱམས་རྒྱུད་ཀྱི་རང་བྱུང་གནོད་འཚེ་དང་། གནམ་གཤིས་ཀྱི་འགྱུར་ལྡོག སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་སོགས་ཀྱི་གནད་དོན་ལ་དམིགས་ནས་རྒྱལ་ཁབ་གཉིས་པོའི་ཚན་ཞིབ་སྒྲིག་གཞི་དང་མཐོ་སློབ་དང་མཉམ་དུ་སའི་གོ་ལར་ཚན་རིག་ཞིབ་འཇུག་དང་ཚན་སློབ་མཉམ་ལས་བྱ་བ་ཞིབ་ཚགས་པོས་བསྒྲུབས་ཡོད། གྲབས་འཛུགས་བྱས་པ་ནས་བཟུང་། ཀྲུང་གོ་དང་ཕ་ཁི་སི་ཐན་ཞིབ་འཇུག་ལྟེ་གནས་ཀྱིས་ངོ་བོའི་རང་བཞིན་གྱི་ཚན་ཞིབ་མཉམ་ལས་དང་རིག་གཞུང་སྤེལ་རེས་ཐེངས་མང་བྱས་ཏེ། ཞིབ་འཇུག་བྱས་འབྲས་མང་པོ་ཕ་ཁི་སི་ཐན་ལ་སྤྱོད་པར་སྐུལ་འདེད་བཏང་ནས་ཕ་ཁི་སི་ཐན་གྱི་དམངས་འཚོ་འགན་སྲུང་དང་ལེགས་སུ་འགྲོ་བར་ལེགས་སྐྱེས་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།