བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། དཔའ་ངར་ཆེན་པོས་འབད་འཐབ་བྱེད།
གཏམ་བརྗོད་ཟློས་གར《བོད་སྐྱོད་པ་རྒན་གྲས》ཞེས་པ་དེའི་ནང་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་འགོ་བཙུགས་ཏེ་དུས་སྐབས་མི་འདྲ་བའི་རིག་གནས་དང་། ཆུ་བེད། འགྲིམ་འགྲུལ། སློབ་གསོ། འཕྲོད་བསྟེན་སོགས་འཐབ་ཕྱོགས་ཁག་གི“བོད་སྐྱོད་པ་རྒན་གྲས”ལ་དམིགས་ཏེ། ཁོང་ཚོས་ཡུན་རིང་བོད་འཛུགས་སྐྲུན་ལ་ཞུགས་ནས་ལང་ཚོ་སྐྱེས་སུ་འབུལ་བ་དང་། སྤྱང་གྲུང་དང་བློ་གྲོས་སྐྱེས་སུ་འབུལ་བ། བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། གནོང་འགྱོད་མེད་པའི་མི་ཚེ་སྐྱེལ་བ་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད།
གཏམ་བརྗོད་ཟློས་གར་དེ་ནི་བོད་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་བྱ་ཆེད། རང་རྩོམ་རང་འཁྲབ་བྱས་པའི་ཟློས་གར་གལ་ཆེན་ཞིག་ཡིན་ལ། བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ས་ཁུལ་གྱི་གནས་ཚུལ་དང་དམངས་ཀྱི་འདུན་པར་གཞི་ཚུགས་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད་བཏོན་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཀྱང་རེད། གཏམ་བརྗོད་ཟློས་གར《བོད་སྐྱོད་པ་རྒན་གྲས》ཞེས་པ་དེས་ལྟད་མོ་བར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་ཕྱིར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་བོད་དུ་ཡོང་བ་དང་། བོད་དུ་གནས་བཅའ་བ། བོད་འཛུགས་སྐྲུན་བཅས་བྱེད་མཁན་གྱི་གསར་བརྗེའི་མེས་པོ་དང་ལས་དོན་པ་ཚོའི་དཔའ་ངར་ཞུམ་མེད་དང་འབད་འཐབ་ཡར་ཐོན་གྱི་བསམ་པའི་སྟོབས་ཤུགས་སྔར་བས་ཚོར་བར་བྱས་ཡོད།
པར①②③④ནི། གཏམ་བརྗོད་ཟློས་གར《བོད་སྐྱོད་པ་རྒན་གྲས》འཁྲབ་ཡུལ་ཡིན་པ།