དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚོང་གཉིས་ཀ་བཟང་པོ་བྱུང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-02

    ཆི་ལིའི་རྒྱལ་ས་སན་ཐེ་ཡ་ཀོ་རུ་ཀྲུང་གོས་ཐོན་སྐྱེད་བྱས་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་པའོ་ལཱ་ཡིས་ལས་ཀ་གྲོལ་རྗེས་སྤྱི་ཁྱབ་ས་ཚིགས་སུ་ལོག་ཅིང་། རླངས་འཁོར་ནང་འགྲུལ་པར་སྐུད་མེད་དྲ་བ་དང་USBགློག་གསོག་མཐུད་སྣེ་སོགས་སྟབས་བདེའི་སྒྲིག་ཆས་མཁོ་འདོན་བྱེད་པ་མ་ཟད། ཁ་ལོ་བར་རླངས་འཁོར་ནང་གི་གནས་ཚུལ་ཆ་ཚང་མཐོང་ཐུབ་པའི་བརྙན་ལམ་སྒྲིག་སྦྱོར་བྱས་ཡོད།

    ཀྲུང་གོའི་རླངས་འཁོར་སྤུས་རྟགས་ཝུའུ་ལིན་རྟགས་ཅན་ཧིན་རྡུ་ཉི་ཞི་ཡར་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་། 2022ལོའི་ལོ་སྨད་དུ་ཝུའུ་ལིན་རྟགས་ཅན་གྱི་ནུས་རྒྱུ་གསར་པའི་གོ་ལ་ཧྲིལ་པོའི་རླངས་འཁོར་Air ev(ཝུའུ་ལིན་རྟགས་ཅན)དེ་ཧིན་རྡུ་ཉི་ཞི་ཡར་དངོས་སུ་བཙོངས་པ་རེད། འདི་ནི་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་ནས་པར་བླངས་པའི་ཝུའུ་ལིན་རྟགས་ཅན་གྱི་ལྟེ་བའི་4Sཚོང་ཁང་ཡིན་པ།

    པང་ཁོག་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་ནི་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རླངས་འཁོར་འགྲེམས་སྟོན་ཞིག་ཡིན་ལ། ཀྲུང་གོའི་རླངས་འཁོར་སྤུས་རྟགས་མང་པོས་ནུས་རྒྱུ་གསར་པའི་རླངས་འཁོར་འགྲེམས་སྟོན་བྱས་ཡོད་པ་རེད། འདི་ནི་ལྟ་སྐོར་བས་པང་ཁོག་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་སྐབས་45པར་ཁྲང་ཨན་Luminརྟགས་ཅན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ལྟ་བཞིན་པ།

    ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་ཐའེ་ཚང་འགག་སྒོ་ལས་ཁུངས་ཀྱིས་ལྟ་འདོམས་བྱེད་པའི་ཐའེ་ཚང་གྲུ་ཁ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་5.67ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་བརྟན་པོའི་ངང་འཕར་ཡོད་པ་རེད། འདི་ནི་ཅང་སུའུ་ཞིང་ཆེན་ཐའེ་ཚང་གྲུ་ཁའི་རྒྱལ་སྤྱིའི་དོས་སྒམ་གྲུ་ཁ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཁག་གཅིག་ཕྱི་རྒྱལ་ཁྲོམ་རར་ཕྱིར་གཏོང་བྱེད་ཉེར་ཡོད་པ།

    འདི་ནི་ཁྲུང་ཆིང་གྲོང་ཁྱེར་ལེང་ཅང་ཁུལ་གསར་དུ་གནས་པའི་སའེ་ལི་སི་རླངས་འཁོར་རིམ་འདས་བཟོ་གྲྭའི་སྒྲིག་སྦྱོར་འཁོར་ཁང་གི་འཕྲུལ་མིས་མགྱོགས་ལ་གནད་འཁེལ་ངང་རླངས་འཁོར་སྒྲིག་སྦྱོར་བྱེད་བཞིན་པ།

    འདི་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་མིན་ཧོའུ་རྫོང་ཆིང་ཁོའུ་རླངས་འཁོར་བཟོ་ལས་གླིང་གི་རིག་ནུས་བཟོ་སྐྲུན་ཁེ་ལས་ཤིག་གི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པ་ཚོས་རླངས་འཁོར་གྱི་ཕྱི་སྒྲོམ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་སྒུལ་ཤུགས་གློག་རྫས་ཀྱི་ལྷུ་ལག་བྲེལ་བརྩོན་ཆེན་པོས་བཟོ་བཞིན་པ།

    འདི་ནི་ཉོ་སྒྲུབ་ཚོང་པས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས(ཀོང་ཀྲོའུ་ཚོང་འདུས)སྐབས་135པའི་ནུས་རྒྱུ་གསར་པའི་རླངས་འཁོར་འགྲེམས་ཁུལ་དུ་ཀྲུང་གོའི་རླངས་འཁོར་ཁེ་ལས་ཀྱི་གྲོན་ཆུང་རྣམ་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཤེས་རྟོགས་བྱེད་བཞིན་པ།

    འདི་ནི་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ལི་ཧྲུའེ་ཆུས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་གྲྭ་གསར་པ་ཞིག་ཏུ་རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་དུ་འཕྲུལ་མིས་ནུས་རྒྱུ་གསར་པའི་རླངས་འཁོར་སྒྲིག་སྦྱོར་བྱེད་བཞིན་པ།

    རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་ཐོག་སྔོན་ཐོན་ལག་རྩལ་སྣ་ཚོགས་མཉམ་དུ་འདུས་པའི་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་འགྲེམས་སྟོན་བྱས་པས་ལྟ་སྐོར་བས་ཉམས་ལེན་བྱས་ཡོད། ཕྱི་རྒྱལ་གྱི་ཁྲོམ་གཞུང་དུ་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་རྒྱུན་དུ་མཐོང་རྒྱུ་ཡོད་ཅིང་། ཕྱི་རྒྱལ་གྱི་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད། 2023ལོར་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚོང་བྱེད་ཚད་ཁྲི་958.7དང་ཁྲི་949.5སོ་སོར་ཟིན་པ་མ་ཟད། ཐོན་ཚོང་གྲངས་འབོར་ལོ་9བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་120.3ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་77.6%འཕར་ཡོད།

    རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་ཚད་ལེན་ཞིབ་རྩིས་ལྟར་ན། 2030ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་རླངས་འཁོར་མཁོ་ཚད་2022ལོའི་ལྡབ་4.5ཟིན་རྒྱུ་དང་། མིག་སྔའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ནུས་ཀྱིས་གོ་ལ་ཧྲིལ་པོའི་ཁྲོམ་རའི་དགོས་མཁོ་སྐོང་ཐབས་བྲལ་ཡོད།

    དེང་སྐབས། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚོང་གཉིས་ཀ་བཟང་བའི་འཕེལ་ཕྱོགས་མངོན་པ་དང་ཕྱིར་གཏོང་རྒྱལ་ཁབ་ཀྱི་གྲངས་འབོར་ཟམ་མི་ཆད་པར་མང་དུ་འགྲོ་བཞིན་ཡོད། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་འཁོར་འབྲེལ་གྱི་ཁེ་ལས་ཀྱིས་སྒོ་དབྱེའི་རྣམ་འགྱུར་ལ་བརྟེན་ནས་གོ་ལ་ཧྲིལ་པོ་ཅན་གྱི་གཉེར་སྐྱོང་བྱེད་བཞིན་ཡོད་ལ། གསར་གཏོད་ཀྱི་ནུས་པ་ཆེན་པོ་རྒྱུན་ཆད་མེད་པར་འདོན་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལྗང་མདོག་ཕྱོགས་སྒྱུར་དང་ལག་རྩལ་ཡར་རྒྱས་ཡོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།