དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གཡག་རྒྱུག་གཏོང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-02

    ཞིང་འབྲོག་མང་ཚོགས་ཀྱི་གསོན་ཤུགས་དང་ཉམས་འགྱུར་མངོན་ཆེད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་དང་རྒྱ་མ་ཤང་དུ་གཡག་རྒྱུག་འགྲན་བསྡུར་བྱས་པ་རེད། བཀྲ་ཤིས་སྒང་ཤང་དང་རྒྱ་མ་ཤང་དུ་གཟབ་མཆོར་ལེགས་པར་སྤྲས་པའི་ཞིང་འབྲོག་མང་ཚོགས་དང་མཛེས་རྒྱན་སྤྲས་པའི་འབྲི་གཡག་རྣམས་བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོར་འཛོམས་ནས་འགྲན་བསྡུར་བྱེད་སྒོར་ཞུགས་ཤིང་། མེ་མདའི་སྒྲ་གྲགས་མ་ཐག་འགྲན་ཞུགས་པ་ཚོས་གཡག་ལ་ལྕག་གིས་སྐུལ་ནས་མདུན་དུ་མཆོངས་ལ། ལྟད་མོ་བ་ཚོས་དགའ་འབོད་དང་བཅས་ལག་ཐོགས་ཁ་པར་ནས་པར་རྒྱག་བཞིན་མཆིས། འདི་ནི་འགྲན་ར་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།