དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ནུས་གསོག་ཞིབ་འཇུག་བྱ་གཞི་ཞིག་ལ་ཀྲུང་གོའི་ནུས་རྒྱུའི་ཐོན་ལས་སྤུས་རྟགས་འཛུགས་སྐྱོང་གི་ཕུལ་བྱུང་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-02

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་17ཉིན་གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་རེ་ཞུ་བྱས་པའི《གཞི་ཁྱོན་ཆེ་བའི་གློག་ནུས་རྫས་འགྱུར་རིག་པའི་ནུས་གསོག་གིས་ནུས་རྒྱུ་གསར་པའི་གློག་ཤུགས་མ་ལག་འཁོར་སྐྱོད་ལ་འདེགས་སྐྱོར་ནུས་ཆེ་བྱེད་པའི་འགག་རྩའི》ཞིབ་འཇུག་བྱ་གཞིས“རྩ་སློག་རང་བཞིན་གྱི་གསར་གཏོད་ལག་རྩལ་ཐོན་རྫས”ལ་བརྟེན་ནས་ཀྲུང་གོའི་ནུས་རྒྱུའི་ཐོན་ལས་སྤུས་རྟགས་འཛུགས་སྐྱོང་ལོ་ཚོགས་ཀྱི་ཕུལ་བྱུང་བྱ་དགའ་བླངས་པ་རེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་གློག་ཤུགས་མ་ལག་གསར་པའི་འགག་རྩའི་ལག་རྩལ་ལས་བརྒལ་བས་ལས་རིགས་ཀྱིས་ཁས་ལེན་ཐོབ་པ་མ་ཟད། མཚོ་སྔོན་གྱི་གློག་དྲ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔར་བས་མགྱོགས་སུ་བཏང་ནས་ནུས་རྒྱུ་གཙང་མ་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོ·ནུས་རྒྱུའི་ཐོན་ལས་སྤུས་རྟགས་ཀྱི་དྲིལ་བསྒྲགས་གཟའ་འཁོར་དང་ནུས་རྒྱུའི་ཐོན་ལས་སྤུས་རྟགས་འཛུགས་སྐྱོང་ལོ་ཚོགས་ནི་ཀྲུང་གོའི་ནུས་རྒྱུ་ཞིབ་འཇུག་ལྷན་ཚོགས་དང་ཀྲུང་གོའི་གྲོང་གསེབ་ནུས་རྒྱུ་ལས་རིགས་མཐུན་ཚོགས་སོགས་ཚན་པ་3གྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོ་དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་ནུས་རྒྱུའི་ཐོན་ལས་ཀྱིས་ལོ་10ཡི་རིང་བཏོད་པའི“ཁྱད་འཕགས་སྤུས་རྟགས། འཛམ་གླིང་གི་སྤུས་རྟགས་རྩེ་གྲ”ཞེས་པའི་གྲུབ་འབྲས་བསྟན་ཏེ། ནུས་རྒྱུའི་ཁེ་ལས་ཀྱིས་སྤུས་རྟགས་ཁྱད་འཕགས་དང་འཛམ་གླིང་གི་ཁེ་ལས་རྩེ་གྲ་འཛུགས་སྐྱོང་བྱེད་པའི་བསམ་ཕྱོགས་གསར་པ་དང་བྱེད་སྟངས་གསར་པར་གྲོས་བསྡུར་དང་དབྱེ་ཞིབ་དང་ཆབས་ཅིག་ལས་རིགས་ཀྱི་ཚད་གཞི་འཛུགས་པ་དང་སྤུས་རྟགས་ཀྱི་སྣེ་ཁྲིད་ཡག་པོ་བྱས་ཏེ་རང་རྒྱལ་གྱི་ནུས་རྒྱུའི་ཐོན་ལས་སུ“འཛམ་གླིང་གི་སྤུས་རྟགས”གཏོད་པའི་འབོད་སྐུལ་བྱ་རྒྱུ་དེ་རེད།

    རྒྱལ་ཡོངས་ཀྱི་ནུས་རྒྱུ་གསར་པའི་རྟེན་གཞི་གལ་ཆེན་ཡིན་པའི་མཚོ་སྔོན་གྱིས་རང་སའི་ཁྱད་ཆོས་ལྡན་པའི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་ཐོག་མཐའ་བར་གསུམ་དུ་བསྐྱོད་རྒྱུར་གཞོལ་ཞིང་། ནུས་རྒྱུ་གཙང་མ་གཞི་ཁྱོན་ཅན་དང་རྨང་གཞི་ཅན་གྱི་འཕེལ་རྒྱས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་ཀྱི་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ལོའི་འཕར་ཚད་ཆ་སྙོམས་26%ལྷག་གི་མྱུར་ཚད་འགན་ལེན་བྱས་ཏེ་རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་དང་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད“བྱེད་པོ་གཉིས”སྔོན་ལ་མངོན་འགྱུར་བྱུང་བ་དང་འབྲེལ་རྒྱུན་འཁྱོངས་ཐུབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་གློག་འདོན་སྤྱི་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར་3238.3ཟིན་པའི་ནང་ནུས་རྒྱུ་གསར་པའི་གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1333.2ཟིན་པ་དེས་41%བཟུང་ནས་མཚོ་སྔོན་གྱི་ནུས་རྒྱུ་ཕྱོགས་སྒྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་གྱིས་69.1%དང་གློག་འདོན་ཚད་ཀྱིས་50.9%བཟུང་སྟེ་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་དང་གློག་འདོན་ཚད་ཀྱིས་བཟུང་བའི་བསྡུར་ཚད“བྱེད་པོ་གཉིས་དང་ཕྱེད་ཀ་ཡན་གཉིས”མུ་མཐུད་རྒྱུན་འཁྱོངས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།