དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་དཔེ་སྟོན་སློབ་ཚན་གྱི་ལྟ་སྦྱོང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-06-01

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་24ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་དཔེ་སྟོན་སློབ་ཚན་གྱི་ལྟ་སྦྱོང་བྱེད་སྒོ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཞོར་གཏོགས་ཚོད་ལྟའི་སློབ་གྲྭར་སྤེལ་བ་དེས། ཞིང་ཆེན་དེའི་སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོ་གཞི་གཅིག་ཅན་དང་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་གསོའི་མི་སྣ་གསོ་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    མཚོ་སྔོན་གྱིས་2022ལོར་ཞིང་ཆེན་རིམ་པའི་སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་འཛུགས་སྐྱོང་གི་མཛུབ་ཁྲིད་ཨུ་ལྷན་བཙུགས་ནས། རྒྱལ་ཁབ་རིམ་པའི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་ཐུན་མོང་སྒྲིག་གཞི་1རེ་ཞུ་ལེགས་གྲུབ་བྱུང་བ་དང་ཞིང་ཆེན་རིམ་པའི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་ཐུན་མོང་ཚོགས་པ་3བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཁག་དང་། སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཁྱབ་ནས། ཐུན་མོང་ཚོགས་པ་ཁག་གིས་གཞི་གཅིག་ཅན་འཛུགས་སྐྱོང་གི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱས་པས་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་དུ་བསྐྲུན་ནས་དགེ་རྒན་མཉམ་སྡེབ་ཀྱིས་སློབ་ཚན་གྲ་སྒྲིག་བྱེད་པ་དང་། དགེ་རྒན་གྱི་འཇོན་ཐང་ཆེ་རུ་གཏོང་བའི་འཆར་གཞི་དང་ཆེད་དོན་གསོ་སྐྱོང་ལ་བརྟེན་ནས་རྣམ་གྲངས་ཞིབ་འཇུག་ཟབ་སྦྱོང་དང་སློབ་མཚམས་མཉམ་འགུལ་སོགས་བྱས་ཏེ། སློབ་ཆེན་དང་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་མཉམ་ལས་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།