དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གྲོང་ཁྱེར་གྱིས་ཁང་པ་8000ལྷག་ཙམ་གྲབས་གསོག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-06-01

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་ཟི་ལིང་གྲོང་ཁྱེར་སྡོད་ཁང་འགན་སྲུང་དང་ས་ཁང་བདག་ཁོངས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། 2021ལོ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་མཁོ་སྤྲོད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་སྨི་ངོས་གྲུ་ཁྲི་22.77ཟིན་པའི་ཁང་པ་8172གྲབས་གསོག་བྱས་ཤིང་། མིག་སྔར་སྡོད་ཁང་3822སྤྱོད་འགོ་ཚུགས་པ་རེད།

    ཟི་ལིང་གྲོང་ཁྱེར་གྱིས་སྣ་མང་མཁོ་སྤྲོད་མ་ལག་འཛུགས་སྐྱོང་བྱེད་པར་དམིགས་ཏེ་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི“1+N”སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཟི་ལིང་གི་དོན་དངོས་དང་ཟུང་འབྲེལ་གྱིས《ཟི་ལིང་གྲོང་ཁྱེར་གྱི་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་དོ་དམ་བྱ་ཐབས(གནས་སྐབས་ལག་བསྟར་བྱ་ཐབས)》བཟོས་ནས་བཏོན་པ་རེད། བཟོ་ལས་གླིང་གི་ལས་དོན་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་གླིང་དང་མཐའ་འཁོར་གྱི་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་ལྕག་དང་། གླིང་ཁུལ་གྱི་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གཅིག་སྡུད་ཐོག་བསྐྲུན་པར་རྒྱབ་སྐྱོར། གླིང་ཁུལ་གྱི་ལི་གློག་ནུས་གསོག་དང་འོད་ཤུགས་བཟོ་སྐྲུན་སོགས་གཙོ་གནད་ཁེ་ལས་ཀྱི་ལས་མིའི་སྡོད་ཁང་འགན་སྲུང་བྱེད་པར་གཙོ་གནད་ཐོག་རྒྱབ་སྐྱོར། ཐོན་ལས་ཀྱི“ས་ཆ་བཞི”འཛུགས་སྐྲུན་ལ་རྒྱུན་མཐུད་རོགས་རམ་བཅས་བྱས་ནས་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཕེལ་རྒྱས་གཏོང་བ་དང་ཤེས་ལྡན་པ་ནང་འདྲེན་བྱེད་པ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། རྒྱུན་གཏན་གྱི་གཞི་རྩའི་སྡོད་གནས་ཀྱི་དགོས་མཁོ་སྐོང་ཐུབ་པའི་རྨང་གཞིའི་ཐོག་ཤེས་ལྡན་པ་རབ་གྲས་ཀྱི་འཚོ་བ་དང་ལས་ཀའི་ཁྱད་ཆོས་ཀྱི་དགོས་མཁོའང་སྐོང་ཐུབ་པ་བྱས་པ་རེད། “དྲ་སྦྲེལ+”ལ་བརྟེན་ནས་མཉམ་ལས་མཉམ་འགུལ་གྱི་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་བཙུགས་ཏེ“འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་App”སྤྱོད་འགོ་ཚུགས་པས། རྣམ་གྲངས་འདུན་ཞུ་དང་། ཁང་པ། བོགས་གཏོང་ལས་དོན། ལྟ་སྐུལ་སོགས་ཀྱི་བབ་བསྟུན་ལྟ་འདོམས་མངོན་འགྱུར་བྱུང་ནས་དྲ་ཐོག་ཏུ་ཁང་པ་བོགས་གཏོང་གི་Appབཟོས་པ་རེད། ཆ་རྐྱེན་ཅུང་འཛོམས་པའི་གྲོང་དབུས་ཆུས་ཏ་ཐུང་ཁྲོམ་གཞུང་གི་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་རྣམ་གྲངས་བདམས་ནས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་ཟོག་སྦྲེལ་དྲ་རྒྱའི་རིག་ནུས་ཅན་གྱི་དོ་དམ་ཚོད་ལྟ་བྱས་པས། བོགས་མར་ལེན་མཁན་གྱི་བབ་བསྟུན་ལྟ་འདོམས་དང་སྒྲིག་བཀོད་སྒྲིག་ཆས་ཀྱི་རིག་ནུས་ཉམས་གསོའི་འདུན་ཞུ་སོགས་ཀྱི་ཞབས་ཞུའི་ནུས་པ་མངོན་འགྱུར་བྱུང་སྟེ། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་རིག་ནུས་ཅན་དང་། ཆ་འཕྲིན་ཅན། གྲངས་འཛིན་ཅན་བཅས་ཀྱི་གཉེར་སྐྱོང་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།