ལོགས་དབྱེ་རྣམ་པའི་འོད་ཤུགས་སྒྲིག་ཆས་ལ་སྐོར་བཤེར་བྱས་པ།
ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་དབྱང་གུའུ་རྫོང་གིས་ཡུལ་བབ་དང་བསྟུན་ནས་བེད་མེད་དུ་བསྐྱུར་བའི་ཐོན་ཁུངས་སྤྱད་དེ་འོད་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད། དབྱང་གུའུ་རྫོང་གི་གློག་གཏོང་ཀུང་སིའི་སྐོར་བཤེར་མི་སྣས་བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་རྫོང་ཡོངས་སུ་ལོགས་དབྱེ་རྣམ་པའི་འོད་ཤུགས་གློག་ལམ་མཉམ་སྦྲེལ་དུད་ཚང་13348དང་སྤྱིའི་ཤོང་ཚད་ཀྲའོ་ཝ་458ཙམ་ཟིན་གྱི་ཡོད་པ་རེད། འདི་ནི་ས་གནས་དེ་གའི་ཐོག་སྟེང་གི་ལོགས་དབྱེ་རྣམ་པའི་འོད་ཤུགས་སྒྲིག་ཆས་ཡིན་པ།