འཇར་མན་ཧན་པའོ—པིར་ཝེར་ཏེ་DUSSཟོག་འདྲེན་ས་ཚིགས།
འཇར་མན་གྱི་ཧན་པའོ་གྲོང་ཁྱེར་ནི་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་ཡོ་རོབ་ཏུ་ཡོད་པའི་ས་ཚིགས་གལ་ཆེན་ཞིག་རེད། ཧན་པའོ — པིར་ཝེར་ཏེ་DUSSཟོག་འདྲེན་ས་ཚིགས་ཧན་པའོ་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཤིང་། 1993ལོར་བསྐྲུན་པ་དང་2012ལོར་རིམ་སྤོར་སྒྱུར་བཀོད་བྱས་ནས་ལྗིད་འདེགས་འཁོར་ལོའི་འཁོར་ལམ་མང་དུ་བཏང་བ་བརྒྱུད་འདོན་འཇུག་ནུས་པ་ཆེ་རུ་ཕྱིན་ཡོད། ཧན་པའོ་གྲོང་ཁྱེར་གྱི་གཞུང་ལམ་གཙོ་བོ་དང་མྱུར་བགྲོད་གཞུང་ལམ་དང་ཉེ་བའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ས་ཚིགས་དེ་འཇར་མན་གྱི་གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་བ་རེད། འདི་ནི་ཟླ་5ཚེས་27ཉིན་པར་བླངས་པའི་འཇར་མན་ཧན་པའོ—པིར་ཝེར་ཏེ་DUSSཟོག་འདྲེན་ས་ཚིགས་ཡིན་པ།